དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས།

    སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-10

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས“འཛུགས་གཏོད་བཞི”དམ་འཛིན་བྱ་གཞིར་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཁག་དང་མཉམ་འདྲེས་བྱས་ནས“སྐྱེ་ཁམས་མཛེས་ཤིང་མི་སེར་ཕྱུག་པའི”གཉིས་ཕན་གྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། དཔལ་འབར་རྫོང་གིས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཐོག “འཛུགས་གཏོད་བཞི”གཏིང་ཟབ་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་རྒྱ་ཆེའི་ཏང་ཡོན་མང་ཚོགས་དང་མཉམ་དུ་སྐྱེ་ཁམས་ཤེལ་དཔལ་འཛུགས་སྐྱོང་ལ་ཞུགས་པའི་ལས་སྟེགས་གསར་པ་བསྐྲུན་པ་དང་།“ལྗང་མདོག་ཕྱིར་སྐྱོད”དང་། “ཁོར་ཡུག་བཅོས་སྒྲིག” “སྐྱེ་ཁམས་སྐོར་ཞིབ”སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་ཁྱབ་གདལ་ཤུགས་ཆེན་གཏོང་བ། སྐད་འཕྲིན་དང་QQཚོགས་པ་སོགས་སྨྱན་སྦྱོར་གསར་པ་གང་ལེགས་སྤྱད་ནས་དྲིལ་བསྒྲགས་བཅས་བྱས་ཏེ། མང་ཚོགས་ལ་རང་ངོས་ནས་འགོ་བཙུགས་ཏེ་བདེ་ཐང་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་འཇགས་རྒྱུའི་ཁྲིད་སྟོན་བྱས་ནས། མི་ཚང་མ་ཞུགས་པ་དང་། མི་ཚང་མས་འགན་འཁུར་བ། མི་ཚང་མས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད།

    སྲིད་ཇུས་ཀྱིས་ཐ་སྐྱོང་བྱས་པས་ལས་གནས་དང་མ་དངུལ་གཉིས་ཀ་དམིགས་སར་འབྱོར་ཞིང་། 2024ལོ་ནས་བཟུང་དཔལ་འབར་རྫོང་གིས་སྐྱེ་ཁམས་ལས་གནས་11187འགུལ་རྣམ་ལེགས་སྒྲིག་དང་ཁ་གསབ་མ་དངུལ་སྒོར་ཁྲི་3915ཆ་ཚང་སྤྲད་པས་སྔོ་ལྗང་རི་ཀླུང་ལ་སྲུང་སྐྱོང་ཐུབ་པ་མ་ཟད། མང་ཚོགས་ཀྱི“སྐྱེ་ཁམས་ཡོང་འབབ”ཀྱང་བརྟན་དུ་ཕྱིན་ཡོད།

    ཐོན་ལས་མཉམ་འདྲེས་བྱས་པས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པར་གྱུར་ཞིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་17སྐྱེད་སྲིང་བྱས་པ་བརྒྱུད། དཔལ་འབར་སྐྱེ་ཁམས་ཡུལ་སྐོར་གྱིས་ལོར་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་30ལྷག་ཙམ་ཟིན་པ་དང་ཡོང་འབབ་སྒོར་ཁྲི་3000ལྷག་ཙམ་བྱུང་ཞིང་། ཞིང་འབྲོག་མང་ཚོགས་ཀྱིས་མཛེས་ལྗོངས་ལ་བརྟེན་ནས་ཡོང་འབབ་བསགས་ཏེ་ཐོབ་སྣང་དང་སྐྱིད་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།