དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དཔའ་ཤོད་རྫོང་གིས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་གཉེར་བ།

    ཚོང་འགུག་འོས་སྦྱོར་ཚོགས་འདུར་གན་འཇོག་དངུལ་འབོར་སྒོར་དུང་ཕྱུར་163ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-10

    ཉེ་ཆར། དཔའ་ཤོད་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་དུ་གཉེར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་འགོ་ཚུགས་མཛད་སྒོ་དང་མཇུག་འགྲིལ་མཛད་སྒོ་དང་། སྲོལ་རྒྱུན་གྱི་ལུས་རྩལ་འགྲན་བསྡུར། “དམར་མདངས་ཆབ་མདོ•དར་རྒྱས་ཡར་བརྩོན”གྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོའི་འགྲན་བསྡུར་ཆེན་མོ། ཚོང་འགུག་འོས་སྦྱོར་ཚོགས་འདུ་དང་གསར་བརྗེའི་གླུ་གཞས་འགྲན་བསྡུར་ཆེན་པོ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ལས་བྱེད་པ་དང་མང་ཚོགས་དང་དེ་བཞིན་ཡུལ་སྐོར་བར་རིག་གནས་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཏེ་དཔའ་ཤོད་ཀྱི་རིག་གནས་ནང་དོན་དང་རང་བྱུང་མཛེས་ལྗོངས་ཕྱོགས་ཡོངས་ནས་མངོན་པར་བྱས་པ་མ་ཟད། རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད།

    ཚོང་འགུག་འོས་སྦྱོར་ཚོགས་འདུར་དཔའ་ཤོད་རྫོང་མི་དམངས་སྲིད་གཞུང་གིས་དཔའ་ཤོད་དུང་དཀར་ཨར་འདམ་དང་། དཔའ་ཤོད་ཅིང་ཧྲང་ཧོ་གསོལ་མགྲོན་ཁང་། བོད་ལྗོངས་ཐེན་ཧའེ་ཡུལ་སྐོར། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན(ཆབ་མདོ)ཆུ་འཐེན་ནུས་གསོག་གསར་སྤེལ་ཚད་ཡོད་ཀུང་སི། བོད་ལྗོངས་ཉིང་ཁྲི་ཧོང་ཡུས་བྱ་གཞག བོད་ལྗོངས་ཀྲུང་གོ་རང་བྱུང་སོལ་རླངས་ནུས་རྒྱུ་དཔའ་ཤོད་ཅ་ཡོན་གཤེར་གྱུར་སོལ་རླངས་ས་ཚུགས་བཅས་ཁེ་ལས་6དང་གན་རྒྱ་བཞག་པར་དངུལ་འབོར་སྒོར་དུང་ཕྱུར་163ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།