དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དུས་ཆེན་གཉིས་རིང་རང་ལྗོངས་ཀྱི་ཡུལ་སྐོར་འགྲོ་གྲོན་ཁྱོན་སྒོར་དུང་ཕྱུར་ཉི་ཤུ་ཙམ་ཟིན་པ།

    རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་375.52ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-10-10

    ཚེས་8ཉིན། གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ངལ་གསོ་ལེགས་སྒྲིག་གི་སྲིད་ཇུས་དང་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གཉིས་མཉམ་དུ་འཁེལ་བའི་སྐུལ་འདེད་འོག 2025ལོར་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་བརྟན་ཁྲོད་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཡོད། ཟླ་10ཚེས་1ནས་8ཉིན་བར། ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་375.52ལ་སྣེ་ལེན་ཞུས་པར་ཡུལ་སྐོར་འགྲོ་གྲོན་ཁྱོན་སྒོར་དུང་ཕྱུར་19.47ཟིན་གྱི་ཡོད་པ་རེད།

    གུང་གསེང་གི་ཡུལ་སྐོར་བ་མང་བའི་དུས་ལ་ཁ་གཏད་གཅོག་ཆེད། ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་གནད་སྨིན་ཇུས་འདོན་བྱས་ནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བ། ཡུལ་སྐོར་བའི་དགོས་མཁོ་སྣ་མང་སྐོང་བ་བཅས་བྱས་ཡོད། དེ་དང་ཆབས་ཅིག རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱིས“ཉེན་ཁ་སྔོན་འགོག་དང་། མངོན་མེད་རྐྱེན་ངན་སེལ་བ། བདེ་འཇགས་སྲུང་བ། བརྟན་ལྷིང་སྲུང་སྐྱོང”བཅས་དམིགས་ཚད་དུ་བྱས་ནས། ཁྲོམ་ར་ལྟ་འདོམས་དང་བདེ་འཇགས་འགན་ལེན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་བློ་བདེ་དང་། བློས་འཁེལ། སེམས་སྐྱིད་བཅས་ཀྱི་ཡུལ་སྐོར་ཁོར་ཡུག་ཅིག་ནུས་ཤུགས་ཡོད་རྒུས་བཏོད་ཡོད། མིག་སྔའི་བར། ལྗོངས་ཡོངས་ཀྱིས་ཁྲིམས་སྒྱུར་ཞིབ་བཤེར་བ་མི་ཐེངས་1834བཏང་ནས་རིག་གནས་དང་ཡུལ་སྐོར་གཉེར་སྐྱོང་ཚན་པ་ཁག་1650ལ་ཞིབ་བཤེར་དང་། ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་ཚན་པ་126ལ་ཞིབ་བཤེར་ཐག་གཅོད། བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ཡོད་པའི་ཚན་པ་61དག་ཐེར་བཅས་བྱས་ཡོད་ལ། རིམ་རྩིས་བརྒྱབ་ན་ཡུལ་སྐོར་བར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་1.55གསབ་སྟེ། གུང་གསེང་རིང་གི་ཡུལ་སྐོར་ཁྲོམ་ར་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།