དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་རྫས་ཧྥ་རན་སེའི་ཕ་རི་སི་རྒྱལ་སྤྱིའི་ཡུལ་སྐོར་ཆེད་ལས་འགྲེམས་སྟོན་ཐོག་བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-30

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ཧྥ་རན་སེའི་ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་23ནས་25ཉིན་བར། 2025ལོའི་ཧྥ་རན་སེའི་ཕ་རི་སི་རྒྱལ་སྤྱིའི་ཡུལ་སྐོར་ཆེད་ལས་འགྲེམས་སྟོན(IFTM Top Resa)ཕ་རི་སིའི་ཧྥར་སའེ་མེན་འགྲེམས་སྟོན་ལྟེ་གནས་སུ་བྱེད་འགོ་ཚུགས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། དེའི་རིང་། ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཏེང་ལི་དང་ཁོང་གི་སྐུ་ཟླ་ཀྲང་ཧྭ་གཉིས“ཁམས་བཟང་། ཀྲུང་གོ”ཞེས་པའི་འགྲེམས་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་འགྲེམས་སྟེགས་སུ་ཕེབས་ནས་འཚམས་འདྲི་དང་རྟོག་ཞིབ་མཛུབ་ཁྲིད་ཀྱང་གནང་བ་རེད། བོད་ལྗོངས་ཚོགས་པས“ཀྲུང་གོའི་བོད་ལྗོངས་བཀྲ་ཤིས་བདེ་ལེགས”ཞེས་པའི་ཆེད་དོན་འོས་སྦྱོར་འདུ་ཚོགས་བདེ་བླག་གཉེར་ཞིང་། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་དང་། བོད་ལྗོངས་ཡུལ་སྐོར་ཆེད་དོན་མཐུན་ཚོགས། ཕུན་ཚོགས་ཁང་བཟང་གསོལ་མགྲོན་ཁང་དོ་དམ་ཚད་ཡོད་ཀུང་སི་བཅས་ཀྱིས་ཁག་སོ་སོར་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་བློ་འདོན་པ་མཱ་ལི-ཕིར•པུའུ་ཞེ•ཧོ་ལི་ཡེ(Ma-rie-Pierre BOUCHER HOLLIER)དང་། རྒྱལ་ཕྱིའི་ཡུལ་སྐོར་ཚོང་པའི་འཐུས་མི། ཧྥ་རན་སེར་བཅའ་སྡོད་འབྲེལ་ཡོད་ཕྱི་ཁོངས་ཀྲུང་གོ་བའི་ཡུལ་སྐོར་མཐུན་ཚོགས་ཀྱི་འགན་འཁུར་བ་བཅས་ཀྱིས་ངོ་འཕྲད་གྲོས་མོལ་བྱས་ཏེ་བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་པ་དང་ལས་འགན་ཁག་བདེ་བླག་ལེགས་སྒྲུབ་བྱས་ཡོད།

    ངོ་འཕྲད་གྲོས་མོལ་ལ་ཡོང་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོང་པ་ཚོས། བོད་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བརྗོད་དོན་གཙོ་བོའི་མངགས་བཀོད་ལམ་ཐིག་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། སྔར་བས་མཉམ་ལས་གཏིང་ཟབ་བྱས་ཏེ་ཡོ་རོབ་ཀྱི་འགྲུལ་རྒྱུན་མང་སའི་ཡུལ་སྐོར་བའི་དགོས་མཁོ་དང་མཐུན་པའི་ཡུལ་སྐོར་ཐོན་རྫས་དེ་བས་མང་བ་མཉམ་དུ་གསར་སྤེལ་ཐུབ་པའི་རེ་བ་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།