དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • “གླིང་ཁའི་དཔལ་འབྱོར”ལས་གྲོང་གསེབ་ཡུལ་སྐོར་གྱི་གསོན་ཤུགས་རྒྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-26

    འདི་ནི་ཡུལ་སྐོར་བས་གླིང་ཁའི་ནང་གྲུ་གཟིངས་གཏོང་བཞིན་པ།

    འདི་ནི་གྲུ་ཁུད་གླིང་ཁའི་མཛེས་ལྗོངས་ཡིན་པ།

    གྲུ་ཁུད་གླིང་ཁ་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྟོང་དཀར་ཤང་གྲུ་ཁུད་གྲོང་ཚོར་གནས་ཤིང་། 2019ལོའི་ལོ་འགོར། ཆིང་ཏའོ་བོད་སྐྱོར་ཚོགས་ཆུང་གིས་གྲོང་ཚོའི་མཉམ་སྡེབ་ས་ཆ་འཆར་འགོད་བེད་སྤྱོད་བྱས་ནས་རང་བྱུང་སྐྱེ་ཁམས་མཛེས་ལྗོངས་དང་། སོས་དལ་སྤྲོ་གསེང་ཡུལ་སྐོར། དེ་བཞིན་སོ་ནམ་དམངས་སྲོལ་རིག་གནས་ཉམས་ལེན་བཅས་བརྗོད་དོན་གཙོ་བོར་བྱས་ཐོག ས་གནས་དེ་གའི་རིག་གནས་ཀྱི་ནང་དོན་ཡང་ཡོད་པའི“གྲུ་ཁུད་གྲོང་ཚོའི་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་ཁུལ”གྱི་རྣམ་གྲངས་བཏོད་པ་རེད།

    རྣམ་གྲངས་དེ་2022ལོར་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། ལས་རིམ་ཁག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་གླིང་ཁའི་སྤྲོ་གསེང་རོལ་རྩེད་སྒྲིག་ཆས་ཀྱང་ཆ་ཚང་དུ་རིམ་པས་སོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།