སྐྱེ་ཁམས་དོ་དམ་གྱི་རིག་གཞུང་སྤྲོ་གླེང་སྐབས་བཞི་པ་ཉིང་ཁྲིར་གཉེར་བ།
ཉེ་ཆར། ཀྲུང་གོ་སྐྱེ་ཁམས་རིག་པའི་རིག་གཞུང་ལྷན་ཚོགས་སྐྱེ་ཁམས་དོ་དམ་ཆེད་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་། བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་དང་། 《སྐྱེ་ཁམས་རིག་པའི་དུས་དེབ》རྩོམ་སྒྲིག་པུའུ། Eཕྱོགས་ཤེས་བྱའི་མཛོད་བཅས་ཀྱིས་མཉམ་དུ་གཉེར་འགན་ཁུར་བའི་སྐྱེ་ཁམས་དོ་དམ་གྱི་རིག་གཞུང་སྤྲོ་གླེང་སྐབས་བཞི་པ་ཉིང་ཁྲིར་གཉེར་བ་རེད།
ད་ཐེངས་ཀྱི་སྤྲོ་གླེང་གིས“རིག་ལྡན་དོ་དམ་གྱིས་སྐྱེ་ཁམས་བཅོས་སྐྱོང་དེང་རབས་ཅན་ལ་མཐུན་རྐྱེན་སྦྱོར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། སྐྱེ་ཁམས་མ་ལག་གྱི་ཕྱོགས་བསྡུས་དོ་དམ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་བེད་སྤྱོད། སྐྱེ་ཁམས་སླར་གསོ་དང་འཕྲོད་ཤུགས་དོ་དམ། སྐྱེ་ཁམས་ཀྱི་ཉེན་ཟོན་སྔོན་བརྡ་དང་རིག་ལྡན་ཇུས་འགོད། སྐྱེ་ཁམས་ཤེས་དཔལ་ལམ་ལུགས་གསར་གཏོད། “ཐཱན་གཉིས”དམིགས་ཚད་འོག་གི་སྐྱེ་ཁམས་བཅོས་སྐྱོང་ཐབས་ལམ། རང་བྱུང་ལ་གཞིགས་པའི་ཐག་གཅོད་བྱ་ཐབས(NbS)སོགས་ཀྱི་གྲོས་དོན་ལ་དམིགས་ཏེ། སྐྱེ་ཁམས་རིག་པ་དང་། དོ་དམ་རིག་པ། སྲིད་ཇུས་ཚན་རིག་སོགས་ཁྱབ་ཁོངས་མང་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་གཞོན་ནུའི་ཚན་རིག་ཞིབ་འཇུག་སྟོབས་ཤུགས་གཅིག་ཏུ་འདུས་ནས། སྐྱེ་ཁམས་བཅོས་སྐྱོང་ཐབས་ལམ་གསར་པ་ཐུན་མོང་ཐོག་དཔྱད་བསྡུར་བྱས་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འབྱུང་འགྱུར་ཐུན་མོང་ཐོག་གླེང་བ་རེད།
འབྲེལ་ཡོད་གསར་འགྱུར།