དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བདག་གི་ཡུལ་སྐོར་མཐོང་ཐོས།
  • ཧྲན་ཏུང་ཆིང་ཏའོ་རུ་རྒྱལ་ཁབ་མང་པོའི་གཞོན་ནུ་ལོ་ཆུང་གིས་གཡོར་གྲུའི་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-19

    ཉེ་ཆར། 2025ལོའི་ཆིང་ཏའོ་རྒྱལ་སྤྱིའི་OPགཡོར་གྲུའི་འགྲན་བསྡུར་དང་། 2025ལོའི་ཆིང་ཏའོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་OPགཡོར་གྲུའི་གདན་ཞུས་འགྲན་བསྡུར། 2025ལོའི་ཆིང་ཏའོ་རྒྱལ་སྤྱིའི་གཞོན་ནུ་ལོ་ཆུང་གི་གཡོར་གྲུའི་འགྲན་བསྡུར་བཅས་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གྱི་ཨའོ་ཧྥན་ལྟེ་གནས་སུ་བྱས་པ་རེད། ཀྲུང་གོ་དང་། ཨོ་སི་ཁྲུ་ལི་ཡ། ཐེ་ལན། ཨུ་རུ་སུ་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ཙམ་ནས་ཡོང་བའི་གཞོན་ནུ་ལོ་ཆུང་བདམས་ཐོན་པ་ཚོས་རླུང་བརྟེན་རླབས་གཤགས་ཀྱིས་འགྲན་བསྡུར་འཁྲུག་པོ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།