དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཏིང་ཡུས་ཁོའོ།

    “བོད་ཀྱི་ནགས་ལས་སྐྱེ་ཁམས་འཛུགས་སྐྱོང་ལོ་རྒྱུས་སུ་སྔར་བྱུང་མ་མྱོང་བ་ཞིག་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-10

    “ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཚད་མཐོའི་མཐོང་ཆེན་ཐོབ་པ་དང་། ཁྱབ་རྒྱ་ཆེ་བ། ཞུགས་མཁན་མི་གྲངས་མང་བ། འཆར་འགོད་དུས་ཡུན་རིང་བ་བཅས་ནི་བོད་ཀྱི་ནགས་ལས་སྐྱེ་ཁམས་འཛུགས་སྐྱོང་ལོ་རྒྱུས་སུ་སྔར་བྱུང་མ་མྱོང་བ་ཞིག་ཡིན་པ་དང་། ལས་གྲྭ་འཛུགས་སྐྲུན་བརྒྱུད་རིམ་ཅན་དང་། དོ་དམ་ཚན་རིག་ཅན། ལམ་ལུགས་ཚད་ལྡན་ཅན་བཅས་བྱུང་ནས། བོད་ཀྱི་དུས་རབས་གསར་པའི་ནགས་ལས་འཛུགས་སྐྲུན་དེང་རབས་ཅན་གྱི་རྒྱང་ལམ་གསར་པ་བཏོད་ཡོད”ཅེས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་ལས་ཁང་གི་ལས་དོན་པ་ཏིང་ཡུས་ཁོའོ་ཡིས་བརྗོད་པ་དང་། དེ་ནི་ཁོང་གི་ལོ་འགའི་རིང་གི་མྱོང་ཚོར་ཟབ་ཤོས་དེ་རེད།

    ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་བཀོད་འདོམས་པུའི་གཞུང་ལས་ཁང་དུ་ལས་ཀ་བྱས་ཚུན། ཏིང་ཡུས་ཁོའོ་ཡིས་ནགས་བཟོའི་ལས་འགན་མུའུ་940འགན་བླངས་པ་དང་། 《ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཞིབ་བཤེར་རྩིས་ལེན་གྱི་ལག་བསྟར་ཞིབ་སྲོལ》སོགས་སྒྲིག་སྲོལ་ལམ་ལུགས་ཁག་20ཡི་འཆར་ཟིན་བཀོད་ནས་བཟོས་པས། 2023ལོར་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་མི་སྒེར་ལ་བདམས་པ་རེད།

    “འདི་ནི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པའི་དམངས་འཚོའི་འདུ་འགོད་ཅིག་རེད། ང་རང་དེའི་ནང་ཞུགས་མཁན་ཞིག་ཡིན་ལ། བདེན་དཔང་བྱེད་མཁན་ཞིག་ཀྱང་ཡིན”ཞེས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྐོར་གླེང་སྐབས་ཏིང་ཡུས་ཁོའོ་ཡིས་བསྔགས་བརྗོད་ཡང་ཡང་བྱས་ཤིང་། ཁོང་གིས་རྡོ་མང་བའི་རི་ཁུལ་དང་ས་རྒྱུ་ཞན་པའི་ཁུལ་དུ་ཤིང་ནགས་འདེབས་པར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། འོན་ཀྱང་ལྗོངས་ཡོངས་ཀྱི་རིམ་ཁག་ལག་རྩལ་སྟོབས་ཤུགས་དང་དོ་དམ་སྟོབས་ཤུགས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ཁུལ་དུ་བསྐྱོད་ནས། སྔོ་འགྱུར་ལས་ལ་ཞུགས་མཁན་ནགས་བཟོ་ཁེ་ལས་དང་མི་རིགས་ཁག་གི་ཞིང་འབྲོག་མང་ཚོགས་ཀྱི་ལས་མིར་ས་གནས་ས་ཐོག་ཏུ་ལག་རྩལ་མཛུབ་ཁྲིད་བྱས་པ་བརྒྱུད། མིག་སྔར། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་རིམ་རྩིས་བརྒྱབ་ན་ཤིང་ནགས་མུའུ་ཁྲི་100ལྷག་ཙམ་བཏབ་ཡོད། དེ་སྔའི་རི་རྒོད་སྔོ་ལྗང་ནགས་ཚལ་དུ་གྱུར་ནས། ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་སྒྲོམ་གཞི་གཞི་རྩའི་ཆ་ནས་ཆགས་ཏེ“ལོ་ལྔའི་རིང་རི་བོ་སྔོ་ལྗང་དུ་འགྱུར་བའི”དུས་མཚམས་རང་བཞིན་གྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།