དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ཀྱི་སྐྱེ་ཁམས་ཐོན་རྫས་ཁག་དང་པོ་ནུབ་རྒྱུད་སྐྱེ་ཁམས་ཐོན་རྫས་ཉོ་ཚོང་ལས་སྟེགས་སུ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-05

    ཉེ་ཆར། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་2025ལོའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོའི་བོད་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོར་བོད་ལྗོངས་ཀྱི་སྐྱེ་ཁམས་ཐོན་རྫས་ཁག་དང་པོ་ནུབ་རྒྱུད་སྐྱེ་ཁམས་ཐོན་རྫས་ཀྱི་ཉོ་ཚོང་ལས་སྟེགས་སུ་བཏོན་པ་རེད།

    དེ་ཉིན་བོད་ཀྱི་སའི་གོ་ལའི་གླིང་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་བོད་ལྗོངས་གསེར་འབྲུ་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བ་དང་སི་ཁྲོན་མཉམ་འབྲེལ་ཁོར་ཡུག་ཉོ་ཚོང་སུའོ་ཡི་འབྲེལ་ཡོད་འགན་འཁུར་བས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་མཉམ་འབྲེལ་ཁོར་ཡུག་ཉོ་ཚོང་སུའོ་ཡི“ནུབ་རྒྱུད་སྐྱེ་ཁམས་ཐོན་རྫས་ཀྱི་ཉོ་ཚོང་ལས་སྟེགས”2023ལོའི་ཟླ་3ཚེས་16ཉིན་སྐྲུན་འགོ་ཚུགས་པ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐེངས་དང་པོ(2023ལོའི་ཟླ་8ཚེས་15ཉིན)དངོས་སུ་དྲ་ཐོག་ཏུ་འཁོར་རྒྱུག་བྱེད་འགོ་ཚུགས་ཡོད། ལས་སྟེགས་སུ་གཙོ་བོ་སྐྱེ་ཁམས་ཐོན་རྫས་ཉོ་ཚོང་དང་། ལམ་སྲོལ་ཚོད་ལྟའི་དཔེ་སྟོན། སྐྱེ་ཁམས་ཐོན་རྫས་དཔང་ལེན་ཁུངས་འདེད། ནུས་པ་འཛུགས་སྐྱོང་གི་ཞབས་ཞུ། ལྗང་མདོག་དངུལ་རྩའི་ཞབས་ཞུ་བཅས་ལྟེ་བའི་བྱེད་ནུས་ཆེན་པོ་ལྔ་ཚུད་ཡོད། མིག་སྔར་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་བཞི་ཡི་ས་ཁུལ་དང་། གྲོང་ཁྱེར། ཆུས་བཅས་ཀྱི་ཆེད་དོན་ཁུལ་ཁག་36བསྐྲུན་པའི་ནང་བོད་ཀྱི་གྲོང་ཁྱེར(ས་ཁུལ)ཁག་7ཚང་མར་ཆེད་དོན་ཁུལ་བཙུགས་ཏེ་སྐྱེ་ཁམས་ཐོན་རྫས་དང་སྲིད་ཇུས་བློ་འདྲིའི་ཆ་འཕྲིན་50ལྷག་ཙམ་བསྟན་པའི་ནང་ལྗང་མདོག་དང་། སྐྱེ་ལྡན། རྒྱལ་ཁབ་ཀྱི་གནས་རྟགས་ཐོན་རྫས་སོགས་ཁས་ལེན་དཔང་འདོན་བྱས་པའི་ཐོན་རྫས་30ལྷག་ཙམ་ཚུད་ཡོད་པ་དང་། སྐྱེ་ཁམས་ཐོན་རྫས་ཉོ་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་16.54ཟིན་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།