དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཆབ་མདོ་གྲོང་ཁྱེར་གྱི་སྐྱེ་ཁམས་སྲུང་སྐྱོང་གི་སྲོལ་ཡིག་གཉིས་ཟླ་9ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-11

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། 《ཆབ་མདོ་གྲོང་ཁྱེར་གྱི་ཆུ་ལམ་གྱི་གསེག་མ་སྔོག་འདོན་དོ་དམ་སྲོལ་ཡིག》དང《ཆབ་མདོ་གྲོང་ཁྱེར་གྱི་འཐུང་ཆུའི་འགོ་ཁུངས་སྲུང་སྐྱོང་སྲོལ་ཡིག》(གཤམ་དུ“སྲོལ་ཡིག་གཉིས”ཞེས་བསྡུ་རྒྱུ)2025ལོའི་ཟླ་9ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དེ་གཉིས་བཏོན་པ་ལས་ཆབ་མདོ་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྲིམས་སྲོལ་གྱི་སྟོང་ཆ་བསྐངས་པ་དང་། ཆུ་ལམ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་། གསེག་མའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ། འཐུང་ཆུའི་བདེ་འཇགས་འགན་ལེན་བཅས་ལ་བཅའ་ཁྲིམས་ཀྱི་འདེགས་སྐྱོར་བརྟན་པོ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 《ཆབ་མདོ་གྲོང་ཁྱེར་གྱི་ཆུ་ལམ་གྱི་གསེག་མ་སྔོག་འདོན་དོ་དམ་སྲོལ་ཡིག》ལ་ཁྱོན་ལེའུ་6དང་དོན་ཚན་34ཡོད་པ་དང་། བར་མཐོངས་ཀྱི་ཐད་སྔོག་འདོན་བྱེད་མི་ཆོག་པའི་ས་ཁོངས་རིགས་4དབྱེ་ཡོད་པ་དང་། དུས་ཚོད་ཀྱི་ཐད་སྔོག་འདོན་བྱེད་མི་ཆོག་པའི་དུས་ཡུན་གསལ་པོ་བཟོས་ནས་གསེག་མ་སྔོག་འདོན་གྱི་དགོས་མཁོ་དང་སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་བ་དོ་སྙོམས་ཡོང་བར་བྱ་རྒྱུ་རེད། དེ་དང་ཆབས་ཅིག་སྲོལ་ཡིག་ནང་གསེག་མ་སྔོག་འདོན་གྱི་སྤྱི་འབོར་དང་། མཐོ་ཐག དེ་བཞིན་ལས་སྒྲུབ་བྱེད་སྟངས་བཅས་ལ་ཚོད་འཛིན་ནན་པོ་བྱས་ཏེ་གསེག་མ་སྔོག་འདོན་བྱས་རྗེས་ཀྱི་སྐྱེ་ཁམས་སླར་གསོའི་འགན་འཁྲི་ཁ་གསལ་བཟོས་ནས། གསེག་མའི་ཐོན་ཁུངས་དེ་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཀྱིས་ཐེག་ཐུབ་པའི་ཁྱབ་ཁོངས་ནང་གསར་སྤེལ་བྱ་རྒྱུའི་འགན་ལེན་བྱས་ཡོད། ལྟ་སྐུལ་དོ་དམ་གྱི་ཐད་སྲོལ་ཡིག་ནང་སྡེ་ཚན་བརྒལ་བའི་མཉམ་འགུལ་ལམ་སྲོལ་ཁྱབ་སྤེལ་བཏང་ནས་སྐས་རིམ་རྣམ་པའི་ཆད་གཅོད་ལག་བསྟར་བྱས་པས། སྡེ་ཚན་གྱི་མཉམ་སྒྲུབ་ཡག་པོ་མེད་པ་དང་ཆད་གཅོད་ཚད་གཞི་གསལ་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།