ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་བར་ཕན་འབྲས་གསར་པ་ཐོན་པ།
འདི་ལོ་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། ལམ་སྲོལ་བཙུཌ་ནས“ནགས་སྐྱོང”དང་། ནུས་པ་ཆེ་རུ་བཏང་ནས“ནགས་སྲུང” གཙོ་གནད་ལ་དམ་འཛིན་བྱས་ནས“ནགས་བཟོ” ཐབས་ལམ་རྒྱ་བསྐྱེད་ནས“ནགས་སྤྱོད”སོགས་ཀྱི་བྱ་ཐབས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། ལྟེ་བའི་གྲོང་ཁུལ་གྱི་ལྟེ་བའི་བྱེད་ནུས་ཆེ་རུ་གཏོང་བ་དང་ལྗང་མདོག་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དུས་མཉམ་དུ་སྒྲུབ་པར་སྤྱི་འདོམས། གཞི་གཅིག་ཅན་གྱི་དོ་དམ་སྲུང་སྐྱོང་དྲ་བ་འཛུགས་པ། ནགས་སྲུང་རྩྭ་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་གྱིས་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་འགོ་ཁྲིད་གཙོ་བོས་སྤྱི་འགན་འཁུར་བའི“ནཌ་དཔོན་ལམ་ལུགས”ཀྱི་འགན་འཁྲིའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། ནགས་དཔོན་གྱི་མིང་ཐོ་དང་འགན་འཁྲིའི་ས་ཁོངས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ་དང་། “དྲ་མིག་དང་། ལས་འགན། ནཌ་དཔོན”བཅས་འབྲེལ་མཐུད་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་བ། “ནགས་དཔོན་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཟུང་དུ་འབྲེལ་བའི”རིག་ལྡན་དྲ་མིག་ཅན་གྱི་དོ་དམ་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་པ། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ཀྱི“དཔེ་རིས་གཅིག”གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་མ་ལག་དང་། སྔོན་ཚུད་ཉེན་བརྡའི་ལྟ་སྐུལ་ཚོད་འཛིན་བཀོད་གཏོང་དྲ་རྒྱ། མེ་སྐྱོན་གྱི་ཉེན་ཁ་ཆེ་བའི་ཁུལ་གྱི་མེ་ཟོན་མ་ལག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་བཅས་བྱས་ཡོད། འདི་ལོ་ཚུན་དུ་རིམ་པ་ཁག་གི་ནགས་དཔོན་མི་ཐེངས་6144ཡིས་ནགས་སྲུང་སྐོར་གཡེང་སྤྱི་ལེ་ཁྲི་7.47བྱས་ཡོད། ནགས་ཁུལ་གྱི་གློག་གཏོང་གློག་སྒྱུར་སྒྲིག་བཀོད་ཁག་6506དང་སྐུད་ལམ་སྤྱི་ལེ་3608ལ་གྲལ་བཤེར་བྱས་པ་བརྒྱུད་གནད་དོན་ཁག་846ཤེས་རྟོགས་དང་དག་ཐེར་ཐུབ་ཡོད། ནགས་ཚལ་དང་། རྩྭ་ཐང་། འདམ་ར། རང་བྱུང་སྲུང་སྐྱོང་ཁུལ་བཅས་ཀྱི་བེད་སྤྱོད་གནས་ཚུལ་ལ་དག་ཐེར་ཆེན་པོ་བྱས་པ་བརྒྱུད། གནད་དོན་ཁག་64ཤེས་རྟོགས་ཐུབ་པ་དང་མིག་སྔར་གནད་དོན་ཁག་63དག་ཐེར་ཐུབ་སྟེ། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལས་འཛོལ་ཚབས་ཆེན་མི་ཐོན་པའི་འགན་ལེན་ཐུབ་ནས། ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་བྱ་ཐབས་ལ་གྲུབ་འབྲས་མངོན་གསལ་དོད་པོ་རྒྱུན་མཐུད་ཐོབ་ཡོད་པ་རེད།
ཡར་ཉང་ལུང་གཞུང་གི་རི་བོ་དང་ཉང་ཆུའི་ལྟེ་བའི་གྲོང་ཁུལ་དུམ་བུའི་སྐྱེ་ཁམས་ཉམས་གསོ་ཕྱོགས་བསྡུས་བཅོས་སྐྱོང་དང་། དེ་བཞིན་རྒྱལ་ཁབ་ས་ཆ་སྔོ་འགྱུར་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་ས་ཆ་རྒྱ་ཁྱོན་མུའུ་6000སྔོ་འགྱུར་གྱི་འཆར་གཞི་བཀོད་པར། མིག་སྔའི་བར་མུའུ་7372.72སྔོ་འགྱུར་ཐུབ་ནས་འཆར་གཞིའི་ལས་འགན་གྱི་122.88%ལེགས་གྲུབ་བྱུང་ཡོད། ས་མཐོའི“ཁམ་བུའི་མེ་ཏོག་གྲོང”གཏོད་པ་དང་ཟུང་འབྲེལ་བྱས་ནས“འོས་འགན་ཤིང་འཛུགས་དང་། ཚན་པའི་སྒོ་ར་མཛེས་བཟོ། གྲོང་ཁྱེར་གསར་སྒྱུར་རྣམ་གྲངས་བཅས་ཟུང་དུ་འབྲེལ་བ”སོགས་ཀྱི་བྱ་ཐབས་སྤྱད་དེ་ཁམ་སྡོང་སོགས་ཤིང་སྣ་4000ལྷག་ཙམ་གསབ་འདེབས་བྱས་པ་དང“སྤྱི་གླིང་ཆུང་ངུ”10གསར་དུ་བསྐྲུན་པས། བྲག་ཡིབ་གྲོང་ཁུལ་དུ་སྔོ་འགྱུར་ཁེབས་ཚད་40.39%ཟིན་ཡོད་པ་རེད།
དེ་དང་ཆབས་ཅིག་ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ལས་ལ་བརྟེན་ནས་ཕན་འབྲས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ནས་ཤིང་འབྲས་དང་སྨན་རྩྭ་སོགས་ནགས་གསེབ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ནགས་གསེབ་ཐོན་ཁུངས་ཀྱི་ལེགས་ཆ་དག་དཔལ་འབྱོར་གྱི་ལེགས་ཆར་ཏན་ཏིག་འགྱུར་བར་བྱས་ཏེ། སྔོ་ལྗང་གི་མཛེས་ལྗོངས་ལ་སྐྱེ་ཁམས་ཀྱི་རིན་ཐང་ལྡན་པར་བྱས་ཡོད། མིག་སྔའི་བར། ཉིང་ཁྲི་གྲོང་ཁྱེར་ཡོངས་སུ་ཤིང་འབྲས་དང་། སྨན་རྩྭ། བཟའ་བྱའི་ཤ་མོ་བཅས་འདེབས་ཁྱོན་མུའུ་ཁྲི་7.46དང་། མུའུ་ཁྲི་1.1 མུའུ་910བཅས་སོ་སོར་ཟིན་ནས། ཁྱད་ལྡན་ཐོན་ལས་ཡག་པོ་གཉེར་བ་དང་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་རོགས་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ལ་གྱུར་ཡོད། དེའི་ནང་། མེ་ཏོག་རྫོང་གིས་པུ་ཤེལ་རྩེ་བཟང་པོ་མུའུ་363འདེབས་འཛུགས་བྱས་ནས་པུ་ཤེལ་རྩེ་སྨན་ལེབ་སོགས་ཁྱད་ལྡན་བདེ་སྲུང་ཟས་རིགས་ཞིབ་འཇུག་གསར་སྤེལ་བྱས་པ་དང་། སྔོན་དཔག་བྱས་ན་འདི་ལོ་དཔལ་འབྱོར་གྱི་ཐོན་རྫས་རིན་ཐང་སྒོར་ཁྲི་70ཟིན་རྒྱུ་རེད། རྫ་ཡུལ་རྫོང་གིས་ཨག་ལིག་མུའུ་2400ལྷག་ཙམ་འདེབས་འཛུགས་བྱས་པ་དང་། སྔོན་དཔག་བྱས་ན་འདི་ལོ་མང་ཚོགས་3400ལྷག་ཙམ་ལ་ཡོང་འབབ་སྒོར་ཁྲི་1400ལྷག་ཙམ་འཕར་རྒྱུ་ཡིན་ཞིང་། ལྗང་མདོག་འཕེལ་རྒྱས་ཀྱི་ཕན་འབྲས་རྒྱུན་མཐུད་ཐོན་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།