དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གིས། གྲོང་གསེབ་དར་རྒྱས་གཙུག་ཏུ་བཟུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-08

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་གཏིང་ཟབ་བྱས་ནས། སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ་བཅས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།

    རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། རྨོ་སྐྱུར་ནགས་གསོ་རྩྭ་གསོ་དང་། བྱེ་འགོག་བྱེ་བཅོས་སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ་ལག་བསྟར་བྱེད་པ་དང་། ཐ་རྒོད་ལ་གྱུར་བའི་རྩྭ་ཐང་ཉམས་གསོ་དང་། ས་ཆུ་ཤོར་བ་བཅོས་སྐྱོང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོར་སྐྲུན་པ་བཅས་བྱས་ཡོད། ན་ནིང་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁག་24ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་མ་དངུལ་བརྟན་པོ་གཏོང་བའི་ལས་འགན་སྒོར་དུང་ཕྱུར་3.72ལེགས་སྒྲུབ་བྱས་པ་དང་། རིགས་ཁག་གི་ནགས་བཟོ་མུའུ་ཁྲི་23.36དང་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་དང་བཅོས་སྐྱོང་མུའུ་ཁྲི་102.84 བྱས་པ་དང་། སྡོང་ཕྲུག་རྐང་ཁྲི་92.88འོས་འགན་ངང་བཙུགས་ཡོད་པ་རེད།

    དེ་དང་ཆབས་ཅིག གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཐོན་ལས་ལྗང་མདོག་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ལྗང་མདོག་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་བཅས་ཀྱི་ཁས་ལེན་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད། ཀུང་སི་གཉིས་ཀྱི་ཐོན་རྫས་རྐྱང་པ་7“སའི་གོ་ལའི་གླིང་སྣེ་གསུམ་པའི”ལས་སྟེགས་སུ་གྲུབ་འབྲས་ཐོབ་པའི་སྒོ་ནས་བཅའ་སྡོད་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ལྗང་མདོག་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་བཅས་104ངོས་འཛིན་བྱེད་པའི་ལས་དོན་ལེགས་གྲུབ་བྱུང་བ་དང་། རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་1དང་གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས་3གསོ་སྐྱོང་བྱས་པ། ཞིང་ལས་དང་འབྲེལ་བའི་སྣེ་འདྲེན་ཁེ་ལས་དང་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་ཐོན་རྫས་སྒོར་དུང་ཕྱུར་15.85མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།