དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ཀྱི་2025ལོའི“རྒྱལ་ལམ་349ཡི་གསར་བརྗེའི་ ཡུལ་སྐོར”བྱེད་སྒོ་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-08

    ཉིན་ཤས་གོང་། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་བོད་ཀྱི་2025ལོའི“རྒྱལ་ལམ་349ཡི་གསར་བརྗེའི་ཡུལ་སྐོར”བྱེད་སྒོ་མཇུག་འགྲིལ་ཞིང་། དེའི་གྲས་ཀྱི་ཁྲུང་ཆིང་ཀྲུང་གོ་སན་ཞ་རྟེན་མཛོད་ཁང་དུ་གཉེར་བའི་ཆེད་དོན་མཉམ་སྤྱོད་ཚོགས་འདུའི་ཐོག་རྒྱལ་ལམ་349ཡི་གསར་བརྗེའི་ཡུལ་སྐོར་ཐོན་རྫས་འོས་སྦྱོར་བྱས་ནས་ལམ་ཐིག་གི་ཁྱད་ཆོས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

    ད་ཐེངས་ཀྱི་བྱེད་སྒོས“གསར་བརྗེ་དང་སྐྱེ་ཁམས་ཟུང་འབྲེལ་བྱེད་པ”བརྗོད་དོན་གཙོ་བོར་བྱས་ཏེ། རིགས་གཅིག་མཁས་ཅན་དང་མཁས་དབང་དང་། རིག་གནས་དང་ཡུལ་སྐོར་གྱི་ལས་ཀ་བྱེད་མཁན། དེ་བཞིན་སྨྱན་སྦྱོར་གྱི་འཐུས་མི་བཅས་མི་21སྒྲིག་འཛུགས་བྱས་ཏེ། རྒྱལ་ལམ་349ཡི་ལམ་རྒྱུད་དུ་དུས་ཡུན་ཉིན་7རིང་གི་ཉམས་ལེན་ཟབ་མོ་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་གསར་བརྗེའི་རྗེས་ཤུལ་ལ་ལྟ་བ་དང་། སྐྱེ་ཁམས་མཛེས་ལྗོངས་ལ་མྱོང་རོལ། མཉམ་སྤྱོད་ཚོགས་འདུ་འཚོགས་པ་སོགས་ཀྱི་རྣམ་པ་བརྒྱུད་བོད་ཀྱི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཀྱང་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

    ཉམས་ལེན་ཚོགས་པ་ལྷ་ས་ནས་ཐོན་ཏེ་དམག་སྡེ་བཅོ་བརྒྱད་པ་བོད་དུ་སྐྱོད་སའི་ལམ་ཐིག་བརྒྱུད་མལ་གྲོ་གུང་དཀར་རྫོང་གི་དམག་སྡེ་བཅོ་བརྒྱད་པའི་དཔུང་འཇུག་གནས་རྙིང་དང་། ལྷ་རིའི་གནའ་ལམ་གྱི་ལོ་རྒྱུས་རིག་གནས་སྒྲིག་གཤོམ་ཁང་། གསའ་མདའ་དགོན་གྱི་དམག་སྡེ་བཅོ་བརྒྱད་པའི་དམག་སྒར་རྒྱག་ཡུལ་གྱི་རྗེས་ཤུལ་སོགས་གསར་བརྗེའི་རིག་གནས་རྗེས་ཤུལ་ཁག་6ཏུ་སྔ་རྗེས་སུ་བསྐྱོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།