དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ཉིང་ཁྲིའི་ཤཱ་སྨི་ཐོན་ལས།

    སྐྱེ་ཁམས་གསོ་སྤེལ་བྱ་གཞག་གཉེར། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-05

    གངས་ལྗོངས་གཡུ་ཡི་གཞོང་པ་ལྟ་བུའི་ཉིང་ཁྲིར་ལང་ལོང་དུ་རྒྱུག་པའི་ཉང་ཆུ་གཙང་པོ་དྭངས་ཤིང་གཙང་བ་དང་། ཉི་འོད་ཕོག་ཡུན་རིང་བས། ཆུ་ཐོན་གསོ་སྤེལ་བྱེད་པར་ཧ་ཅང་འཚམ་པོ་ཡོད། སྔོན་ཆད་ཐོན་ལས་སྒྲིག་ཆས་ཁ་ཐང་བ་སོགས་ཀྱིས་རྐྱེན་པས། དེ་གར་ཆུ་ཐོན་གསོ་སྤེལ་ལས་ལ་ཞུགས་མཁན་ཧ་ལམ་མེད་པར་བརྟེན། ས་གནས་དེ་གའི་གྲོང་མིས་ཤཱ་སྨི་ཟ་འདོད་ན་ས་ཆ་གཞན་ནས་དབོར་བའི་ཤཱ་སྨི་ཉོ་དགོས་པ་མ་ཟད། རིན་གོང་མཐོ་བ་དང་ཉོས་པའི་ཤཱ་སྨི་ཡང་དེ་ཙམ་སོས་པ་མེད།

    ད་ཆ་ཉིང་ཁྲི་ས་རྒོད་གསར་སྦོལ་ཀརྨ་ཞིང་ལས་ཚད་ཡོད་ཀུང་སིའི་ས་མཐོའི་ཉ་ལས་གསོ་སྤེལ་རྟེན་གཞིའི་ཤཱ་སྨི་རྫིང་བུར་མེ་གླིང་ལྷོ་མའི་ཤཱ་སྨི་དཀར་པོ་དང་ལུའོ་ཧྲི་ཤཱ་སྨི་སོགས་སྐྱེ་འཚར་ཡག་པོ་བྱུང་སྟེ། ཉ་དང་ཤཱ་སྨི་ཁྲི་200ཙམ་གྱིས“ས་མཐོར་ཆུ་ཐོན་གསོ་སྤེལ་མི་ཐུབ”ཅེས་པའི་ཤོད་རྒྱུན་ལ་འགྱུར་ལྡོག་བཏང་ཡོད།

    དེ་ཡང་། 2022ལོར་འགྱུར་ལྡོག་འགྲོ་འགོ་ཚུགས་པ་སྟེ། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་སྨན་གླིང་གྲོང་ཁྱེར(ཀྲུའུ་ཧའེ)གྱི་བོད་སྐྱོར་ལས་བྱེད་པ་ལིན་ཧའོ་ཧྲེང་དང་། ཁང་ཞའོ་ཏན། ལུའོ་མིང་ཧྥེ་བཅས་ཉིང་ཁྲི་ས་རྒོད་གསར་སྦོལ་ཀརྨ་ཞིང་ལས་ཚད་ཡོད་ཀུང་སིར་ཡོང་ཞིང་། རྟེན་གཞིར་འཛུལ་མ་ཐག་ཁོང་ཚོས་སྐམ་ས་གསར་པ་ཞིག་རྙེད་པ་ལྟར“ཆ་རྐྱེན་བཟང་པོ་འདི་འདྲར་ཉ་དང་ཤཱ་སྨི་མི་གསོ་བའི་རྒྱུ་མཚན་གང་ཡིན། ང་ཚོས་ས་མཐོར་ཆུ་ཐོན་གསོ་སྤེལ་གྱི་བྱ་གཞག་གཏོད་དགོས”ཞེས་བརྗོད་ཅིང་། སྐབས་དེ་དུས་ཉིང་ཁྲི་ས་རྒོད་གསར་སྦོལ་ཀརྨ་ཞིང་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡིན་པའི་ལིན་ཧའོ་ཧྲེང་གིས“མི་གཞན་པས་ས་མཐོར་ཤཱ་སྨི་གསོ་མི་ཐུབ་ཟེར་གྱི་ཡོད་པས། ང་ཚོས་དེ་བས་ཀྱང་ཤཱ་སྨི་གསོ་མཁན་ཐོག་མ་དེ་བྱེད་དགོས”ཞེས་བཤད།

    དེ་ལྟར་ནའང་ས་མཐོར་ཤཱ་སྨི་གསོ་བར་ལས་སླ་པོ་ག་ལ་ཡོད། དྲོད་ཚད་དམའ་བ་དང་། སྨུག་ཕྱིའི་འོད་ཤུགས་ཆེ་བ། སྐྱེ་ཁམས་ཉམས་ཞན་སོགས་དབང་གིས་དུས་ཡུན་ཐུང་ཐུང་ནང་ཤཱ་སྨི་མང་པོ་སྡེབ་གཅིག་ཏུ་ཤི་འགྲོ་གི་ཡོད། ཐེངས་དང་པོར་གསོ་སྤེལ་ཚོད་ལྟ་བྱེད་སྐབས་དྲག་ཆར་བབས་པས་ཆུའི་དྲོད་ཚད་གློ་བུར་དུ་ཆག་སྟེ་རྫིང་བུའི་ནང་གི་ཤཱ་སྨི་གཅིག་ཀྱང་མ་ལུས་པར་ཤི་བ་རེད།

    སྐབས་དེ་དུས་ཉིང་ཁྲི་ས་རྒོད་གསར་སྦོལ་ཀརྨ་ཞིང་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་ཆུ་ཐོན་གསོ་སྤེལ་གྱི་མཐོ་རིམ་བཟོ་སྐྲུན་པ་ཡིན་པའི་ལུའོ་མིང་ཧྥེ་ཡིས་ཕྱིར་དྲན་དང་བཅས། “དེ་དུས་རྫིང་བུའི་ཤཱ་སྨི་དག་ཤི་བ་མཐོང་དུས་ཚང་མའི་སེམས་པ་གྲང་ཅང་ཅང་དུ་གྱུར་སོང”ཞེས་བཤད། འོན་ཀྱང་། ཁོང་ཚོས་ཕམ་ཁ་ཆུང་ཆུང་དེ་འདྲའི་མདུན་དུ་སེམས་ཤུགས་མ་ཉམས་པར། ཆུ་མཛོད་བསྐྲུན་པ་དང་། ལྟ་ཞིབ་ཚད་ལེན་སྒྲིག་ཆས་བསྒར་བ། སྒྲིག་ཆས་ཀྱི་རིམ་པ་སྤོར་བ་སོགས་བྱ་བ་མང་དག་ཅིག་བསྒྲུབས་པས། ད་ཆ་ལག་རྩལ་པའི་ཞོགས་པ་གཉིད་སད་མ་ཐག་གི་ལས་ཀ་དང་པོ་ནི་ལག་ཐོགས་ཁ་པར་ནས་གྲངས་གཞིར་བལྟ་རྒྱུ་དེ་ཡིན་ཞིང་། ས་མཐོར་ཤཱ་སྨི་གསོ་ཐུབ་པར་བྱ་ཆེད།

     ཚོགས་པས་ལག་རྩལ་གསར་པ་རབ་དང་རིམ་པ་ཞིབ་འཇུག་གསར་སྤེལ་བྱས་པས། ད་ཆ་གླིང་ཁུལ་དུ་ཉ་དང་ཤཱ་སྨི་རིགས་10ལྷག་ཙམ་ཡོད་པ་དང་། སྔོན་དཔག་བྱས་ན་ད་ལོའི་ཐོན་འབོར་རྒྱ་མ་ཁྲི་20དང་ཐོན་འབབ་སྒོར་ཁྲི་400ཙམ་ཟིན་བཟོ་ཡོད་པ་རེད།

    ཉིང་ཁྲིའི་ཤིས་ཐུན་ཚོགས་མིའི་སྒོ་རྩིས་ཚོང་ཁང་གི་འབྲེལ་ཡོད་འགན་འཁུར་བས“ཀུང་སིའི་ཤཱ་སྨི་ཡིས་ཁྲོམ་རའི་དགོས་མཁོ་སྐོང་མི་ཐུབ་པས། ཉིང་ཁྲིའི་ཤཱ་སྨི་བཏོན་མ་ཐག་ཧབ་ཐོབ་བརྒྱབ་ནས་ཆུ་ཚོད་ཕྱེད་ཀ་ཡང་མ་འགོར་བར་བྲིན་གྱི་འདུག”ཅེས་ངོ་སྤྲོད་བྱས།

    ཤཱ་སྨི་ཉོ་བཞིན་པའི་སྐུ་མགྲོན་གྱིས་ཀྱང“སྔོན་ཆད་ས་ཆ་གཞན་ནས་ཤཱ་སྨི་དབོར་སྐབས་མ་གནས་མཐོ་བ་མ་ཟད་སོས་པ་ཡང་མི་འདུག ས་གནས་འདི་གའི་ཤཱ་སྨི་མཚོ་འགྲམ་ནས་བཟས་པ་ལས་ཀྱང་སོས་པ་འདུག ས་མཐོར་ཤཱ་སྨི་འདི་འདྲ་གསོ་ཐུབ་པ་བསམ་ཡུལ་ལས་འདས་སོང”ཞེས་བཤད།

    བོད་སྐྱོར་བྱེད་རིང་། ཉིང་ཁྲི་ཞིང་ལས་གསར་སྤེལ་ཀརྨ་ཞིང་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་གཞུང་ཁོངས་ཁེ་ལས་གཉེར་སྐྱོང་དོ་དམ་མཁས་པ་ཁང་ཞའོ་ཏན་ལ་བསམ་འདུན་གཉིས་ཡོད་པ་སྟེ། གཅིག་ནི་ཤཱ་སྨི་ཡི་རིན་གོང་དམའ་རུ་བཏང་སྟེ་བོད་མི་དམངས་ལ་ཤཱ་སྨི་གང་འདོད་དུ་ཟ་རྒྱུ་ཡོད་པ་དང་། གཉིས་ནི་ཐོན་ལས་བརྟན་པོ་ཡོང་བར་བྱས་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་དུ་ཕྱུག་པོའི་ལམ་དུ་འགྲོ་རྒྱུ་དེ་རེད། མིག་སྔར། གླིང་ཁུལ་གྱིས་ཞིང་འབྲོག་པ་20ལྷག་ཙམ་ལས་མིར་བསྡུས་པ་དང་། མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.8ཙམ་འཕར་ཡོད། ཉི་མ་དབང་འདུས་ཀྱིས་ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་སྟངས་ལག་རྩལ་སྦྱངས་པ་དང་། ཁོང་གིས“ད་ལྟ་ང་རང་ཡང་ཀུང་སིའི་ལག་རྩལ་རྐང་འཛིན་པ་ཞིག་ཡིན་པའི་ཆ་ནས། ཁྱིམ་གྱི་སྒོ་རྩར་ཡོང་འབབ་གསོག་ཐུབ་ཀྱི་འདུག”ཅེས་སྤོབས་པ་ཆེན་པོས་བཤད།

    རྟེན་གཞིའི་དཔེ་སྟོན་སྐུལ་ཁྲིད་འོག མེ་ཏོག་རྫོང་དང་། སྣང་རྫོང་། སྤོ་བོ་རྫོང་། ལྷོ་ཁ་གྲོང་ཁྱེར་སོགས་ས་ཁུལ་གྱིས་སྔ་རྗེས་སུ་ས་མཐོའི་ཉ་ལས་འཕེལ་རྒྱས་བཏང་བ་མ་ཟད། ཀརྨ་ཀུང་སི་ནས་ཉ་ཕྲུག་ཁྲི་4དང་ཤ་སྨི་ཁྲི་45ཉོས་པས། ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་རགས་ཙམ་ཐོན་ཡོད། དེ་དང་ཆབས་ཅིག ཉིང་ཁྲི་ཞིང་ལས་གསར་སྤེལ་ཀརྨ་ཞིང་ལས་ཚད་ཡོད་ཀུང་སིས་སྨན་གླིང་གྲོང་ཁྱེར་དང་བྲག་ཡིབ་ཆུས་ལྟེ་བར་བྱས་ནས་མཐའ་འཁོར་གྱི་ཞིང་དུད་ལ་ཆུ་ཐོན་ཐོན་སྐྱེད་བྱེད་སྟངས་དང་དོ་དམ་ལག་རྩལ་བསླབས་ཏེ། ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་གསོ་ཚགས་མཉམ་ལས་བྱེད་སྟངས་འཚོལ་ཞིབ་ཀྱིས། མ་གནས་དམའ་བ་དང་ཐད་ཀར་སྤྱོད་ཆོག་པའི་གསོ་ཚགས་བྱེད་སྟངས་དང་། ཁྲོམ་རར་བྲིན་ཁ་རྒྱུག་ལ་སྐྱེ་འཕེལ་མགྱོགས་པ་དང་ཡོང་འབབ་ཀྱང་འཕར་ཐུབ་པའི་རྒྱུད་པ་ཁྱབ་གདལ་ཧུར་ཐག་བཏང་ནས། ས་མཐོའི་ཉ་ལས་ཐོན་ལས་ཅན་འཕེལ་རྒྱས་ཀྱི་ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་མགྱོགས་མྱུར་འཛུགས་པར་འཚོལ་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།