དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ཀྱི་རིག་གནས་ཡུལ་སྐོར་གྱི་འཁྲབ་ཚན་ཐུང་གྲས་དང་པོ 《ཞལ་འབག་འོག་གི་རྒྱུན་འཛིན》དྲ་ཐོག་ཏུ་བསྟན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-23

    ཉེ་ཆར། བོད་ཀྱི་རིག་གནས་ཡུལ་སྐོར་གྱི་འཁྲབ་ཚན་ཐུང་གྲས་དང་པོ《ཞལ་འབག་འོག་གི་རྒྱུན་འཛིན》ཁྱུག་དབྱིངས་ཐོག་དངོས་སུ་བསྟན་པ་དང། དུས་མཉམ་དུ་ལྷ་སར“དབྱར་སྐྱིད་གླིང་ཁའི་སྤེལ་རེས་བྱེད་སྒོ”སྤེལ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། 《ཞལ་འབག་འོག་གི་རྒྱུན་འཛིན》ནི་བོད་ཀྱི་G219ཡུལ་སྐོར་ཁྱབ་གདལ་མཐུན་ཚོགས་ཀྱིས་ལམ་ཆེན་སྨྱན་སྦྱོར་དང་མཉམ་འབྲེལ་ཐོག་གསར་རྩོམ་བྱས་པ་ཞིག་ཡིན་པ་དང་། ད་ལོའི་ཟླ་བ་4པར“ལྷ་མོའི་གྲོང་ཚོ་དང་པོ”ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་འཁྲབ་འགོ་ཚུགས་ཤིང་། འཁྲབ་ཚན་དེའི་ནང་གཙོ་བོ་གཞོན་སྐྱེས་ཚེ་རིང་གིས་གཞུང་ཁོངས་ཁེ་ལས་ཀྱི་ལས་ཀ་བཞག་སྟེ་ཕ་ཡུལ་དུ་ལོག་ནས་ཕ་ཤུལ་བུ་འཛིན་གྱིས་ལྷ་མོ་རྒྱུན་འཛིན་བྱས་པ་དང་། ཕ་བུའི་དབར་གྱི་འདུ་ཤེས་ཀྱི་འགལ་ཟླ་དང་གསར་གཏོད་འཚོལ་ཞིབ་བྱས་པ་བརྒྱུད། མཐར་དྲ་གྲགས་གྲོགས་པོའི་རོགས་རམ་འོག་ཐད་གཏོང་བརྒྱུད། ལྷ་མོར་གསོན་ཤུགས་གསར་པ་སྐྱེད་པར་བྱས་པའི་གཏམ་རྒྱུད་བརྗོད་ཡོད། འཁྲབ་ཚན་ཧྲིལ་པོར་དུས་ཡུན་ཁྱོན་སྐར་མ་89དང་ལེའུ་50ཡོད་པ་དང་ཁྱུག་དབྱིངས་སུ་བསྟན་པ་དེ་ཐོག་ནས་བོད་ཀྱིས“འཁྲབ་ཚན་ཐུང་གྲས་དང་། རིག་གནས་ཡུལ་སྐོར། མངོན་མིན་རིག་གནས་ཤུལ་བཞག་བཅས་ཟུང་འབྲེལ”གྱི་མཉམ་འདྲེས་ཁྱབ་ཁོངས་སུ་གོམ་པ་བརྟན་པོ་ཞིག་སྤོས་པ་མཚོན་གྱི་ཡོད།

    དབྱར་སྐྱིད་གླིང་ཁའི་སྤེལ་རེས་བྱེད་སྒོར་བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་སྡེ་ཚན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ། ཟློས་གར་ཚོགས་ཆུང་གི་གསར་གཏོད་པ་གཙོ་བོ། སྨྱན་སྦྱོར་གྱི་འཐུས་མི། ཁྱུག་དབྱིངས་ཀྱི་བརྡར་པ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་འདུས་ནས་སྨྱན་སྦྱོར་གྱིས་འཁྲབ་ཚན་ལྟ་བའི་བྱེད་སྒོ་དང་བཞུགས་མོལ་བགྲོ་གླེང་སོགས་ཀྱི་རྣམ་པའི་ཐོག་ནས་སྤེལ་རེས་བྱས་ཏེ། “འཁྲབ་ཚན་ཐུང་གྲས་ཀྱིས་རིག་གནས་ཡུལ་སྐོར་གཞན་སྒྱུར་ལ་མཐུན་རྐྱེན་སྦྱོར་བ”དང“བོད་ཀྱི་རིག་གནས་གློག་བརྙན་བརྙན་འཕྲིན་ཅན་གྱི་འཁོར་རྒྱ་ལས་སྒྲོལ་བ”སོགས་ལྟེ་བའི་གྲོས་གཞིར་དམིགས་ནས་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།