བོད་ལྗོངས་ལྷ་སའི་གློག་བརྗེའི་གླ་འཁོར་ཁག་དང་པོ་སྤྱོད་འགོ་ཚུགས་པ།
ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་གློག་བརྗེའི་གླ་འཁོར་ཁག་དང་པོ་སྤྲོད་པའི་མཛད་སྒོ་གཉེར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་300ལྷག་ཙམ་གྱིས་སྐྱེལ་འདྲེན་ལས་གཉེར་བྱེད་འགོ་ཚུགས་པ་རེད།
སྔོན་མ་དང་བསྡུར་ན། གློག་བརྗེའི་གླ་འཁོར་ལས་ཉིན་རེར་ཁ་ལོ་བར་གློག་གསོག་པའི་དུས་ཚོད་ཆུ་ཚོད་2གྲོན་ཆུང་ཐུབ་ཅིང་། ལྷན་སྦྱར་གློག་བརྗེའི་ས་ཚིགས་བརྒྱུད། སྐྱེལ་འདྲེན་ལས་གཉེར་བྱེད་འགོ་ཚུགས་པའི་གློག་བརྗེའི་གླ་འཁོར་ཁག་དང་པོ་སྐར་མ་2ནང་མགྱོགས་མྱུར་གློག་བརྗེ་ཐུབ་པ་དང་སྤྱི་ལེ་500ལྷག་ཙམ་འདང་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།