ལོ་34ཡི་རིང་མཚོ་བོད་ས་མཐོའི་མིས་བཟོས་ན་ཁའི་རྒྱ་ཁྱོན་ལྡབ་2.4ཆེ་རུ་ཕྱིན་པ།
ཉེ་ཆར། གསར་འགོད་པར་ལན་ཀྲོའུ་སློབ་ཆེན་ནས་ཤེས་རྟོགས་བྱུང་བར། སློབ་གྲྭ་དེ་གའི་དགེ་རྒན་ཆེ་མོ་བ་ཧོ་ཅིན་ཧྲེང་གི་ཚོགས་པས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། 1988ལོ་ནས་2021ལོ་བར། མཚོ་བོད་ས་མཐོའི་མིས་བཟོས་ན་ཁའི་རྒྱ་ཁྱོན་ལྡབ་2.4ཆེ་རུ་ཕྱིན་པ་དེའི་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་འཕར་ཚད་མངོན་གསལ་དོད་ཤོས་ཡིན་པ་རེད། ཉིན་ཤས་གོང་རྒྱལ་སྤྱིའི་དུས་དེབ《སའི་གོ་ལའི་མ་ལག་ཚན་རིག་གྲངས་གཞི》ཡི་ཐོག་འབྲེལ་ཡོད་ཞིབ་འཇུག་བཀོད་ཡོད་པ་རེད།
གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་སོང་བའི་ཤུགས་རྐྱེན་ལས། འདས་ཟིན་པའི་ལོ་30ཡི་རིང་། མཚོ་བོད་ས་མཐོའི་ས་ཆ་ཁག་གཅིག་གི་རང་བྱུང་ན་ཁར་ཚད་གཞི་མི་འདྲ་བའི་ཞན་འགྱུར་བྱུང་ཡོད། མིས་བཟོས་ན་ཁ་ནི་རང་བྱུང་ན་ཁའི་ཁ་གསབ་ཡིན་པ་དང་། དེ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་སྐྱེ་ཁམས་ལ་ཤུགས་རྐྱེན་ཐེབས་པས་རིག་གཞུང་ལས་རིགས་ཀྱི་དོ་ཁུར་ཆེན་པོ་ཐོབ་ཡོད་པ་རེད།
ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། 2021ལོ་བར། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་སུ་ཁྱོན་མི་ཐབས་ལ་བརྟེན་ནས་ཁ་སྤྱི་ཆིང་ཁྲི་157བཏབ་ཡོད་པ་དང་། དེའི་ཁྲོད་མཚོ་སྔོན་ཞིང་ཆེན་གྱིས་70%དང་བོད་རང་སྐྱོང་ལྗོངས་ཀྱིས་30%བཟུང་ཡོད། མིས་བཟོས་ན་ཁ་དེ་དག་གཙོ་བོ་ཆུ་དང་དྲོད་ཀྱི་ཆ་རྐྱེན་ཅུང་ལེགས་པའི་ས་ཁོངས་སུ་གནས་ཡོད་པ་སྟེ། མཚོ་སྔོན་ཞིང་ཆེན་གྱི་མིས་བཟོས་ན་ཁ་གཙོ་བོ་མཚོ་སྔོན་པོའི་མཐའ་འཁོར་དང་། མདོ་ལ་རིང་མོ། མཚོ་ལྷོ་ཀྲོའུ། རྨ་ལྷོ་ཀྲོའུ་བཅས་སུ་གནས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་མིས་བཟོས་ན་ཁ་གཙོ་བོ་བོད་ཀྱི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད་དང་། དེ་བཞིན་ཡར་ཀླུང་གཙང་པོ་དང་། ལྷ་ས་སྐྱིད་ཆུ། མྱང་ཆུ་བཅས་ཀྱི་རྒྱུག་ཁུལ་དུ་གནས་ཡོད། མཚོ་སྔོན་ཞིང་ཆེན་གྱི་མིས་བཟོས་ན་ཁར་གཅིག་སྡུད་ཀྱི་ཁྱད་ཆོས་ལྡན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་མིས་བཟོས་ན་ཁ་དེ་དང་བསྡུར་ན་ཅུང་ཁ་ཐོར་དུ་གནས་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་འཇུག་དེས་མཚོ་བོད་ས་མཐོའི་མིས་བཟོས་ན་ཁའི་གནས་སྟངས་གསལ་པོ་བཟོས་ཡོད་པ་མ་ཟད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་། རྩྭ་ལས་དང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་རིགས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་ཡང་མཁོ་འདོན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།