དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • གཡུ་ཐོག་ལམ་གྱི“ལྷ་སའི་མཚན་ཁྲོམ”ཟླ་7ཚེས་15ཉིན་གཉེར་འགོ་ཚུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-14

    ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་ལྷ་སའི་རིག་གནས་ཡུལ་སྐོར་གྱི་གནས་རྟགས་གསར་པ་སྟེ། གཡུ་ཐོག་ལམ་གྱི“ལྷ་སའི་མཚན་ཁྲོམ”གྱི་སྒོ་དབྱེའི་མཛད་སྒོ་དེ་ཟླ་7ཚེས་15ཉིན་གྱི་ཆུ་ཚོད་20དང་སྐར་མ་30ལ་འཚོག་རྒྱུ་ཡིན་ཞིང་། ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་དང་དེང་རབས་ཀྱི་རླབས་རྒྱུན་མཉམ་དུ་འདྲེས་པའི་མཚན་མོའི་གསོལ་སྟོན་གཟབ་རྒྱས་ཤིག་གྲོང་མི་དང་ཡུལ་སྐོར་བའི་མིག་མདུན་དུ་གཤོམ་རྒྱུ་རེད།

    འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “ལྷ་སའི་མཚན་ཁྲོམ”རྣམ་གྲངས་ཀྱིས“རིག་གནས་དང་། ཚོང་ལས། ཡུལ་སྐོར་བཅས་མཉམ་འདྲེས་བྱས་ནས། ལས་རྣམ་གསར་པ་དང་ཁོར་ཡུག་གསར་པའི”རྣམ་པ་སྤྱད་དེ། “ཟས་ཀྱི་དྲི་ཞིམ་ལམ་ལམ་དུ་འཐུལ”ཞེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་གཡུ་ཐོག་ལམ་གྱི་ལོ་རྒྱུས་རིན་ཐང་དང་ལྗོངས་བབ་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱས་ཏེ། མཚན་མོའི་དཔལ་འབྱོར་གྱི་འཛད་སྤྱོད་གནས་རྟགས་གསར་པ་གཏོད་རྒྱུ་རེད། རྣམ་གྲངས་དེ་ལོ་རེའི་ཟླ་7པ་ནས་10པའི་བར་གཉེར་སྐྱོང་བྱ་རྒྱུ་དང་། གཉེར་སྐྱོང་ས་ཚིགས་160ཙམ་བཙུགས་ཡོད་པ་དེའི་ནང་གསར་གཏོད་དོས་སྒམ་དང་། རླངས་འཁོར་ཟ་ཁང་། ཁྱད་ལྡན་གཉེར་སྐྱོང་ཁང་། སྒོ་དབྱེ་རྣམ་པའི་ཁྲོམ་བཀྱག་བཅས་རིགས་བཞི་ཚུད་ཡོད།

     བོད་ཀྱི་དངོས་ཟོག་སྤུས་ལེགས་དང་། ཁྱད་ལྡན་བཟའ་བཏུང་། དར་བཟོ་ཆེ་བའི་ཁྲོམ་གཞུང་གི་རྣམ་པ་བཅས་ལྟེ་བའི་ལས་རྣམ་ཆེན་པོ་གསུམ་ལ་དམིགས་ནས། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་དངོས་ཟོག་སྤུས་ལེགས་དང་། ཁྱད་ལྡན་རིག་གནས་གསར་གཏོད། ཁྱད་ལྡན་བསྲེགས་ཟས། ས་མཐོའི་བསྙལ་རྫས་སོགས་བཙུགས་ཏེ། གྲོང་མི་དང་ཡུལ་སྐོར་བའི་སྣ་མང་འཛད་སྤྱོད་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་སྐོང་རྒྱུ་རེད།

    ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ་རྩ་བ་ཚུགས་པའི་ཁྱད་ལྡན་རྣམ་གྲངས་ཤིག་ཡིན་པའི“ལྷ་སའི་མཚན་ཁྲོམ”གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་ནས་མངགས་བཟོ་བྱས་པའི་མི་རིགས་ཀྱི་ཁྱད་ལྡན་མཛེས་འཆོས་རླངས་འཁོར་དེ་སྒུལ་བདེའི་རིག་གནས་འགྲེམས་སྟེགས་སུ་འགྱུར་རྒྱུ་རེད། ཤེལ་རོང་འབྲོང་རྩེད་དང་། ཨ་ཁུ་སྟོན་པའི་བྲོ། སྟོད་གཞས། ཀོ་གྲུའི་བྲོ། རྒྱ་མའི་གཞས་ཆེན་སོགས་སྲོལ་རྒྱུན་གྱི་ཞབས་བྲོ་དང་དེ་བཞིན་སྐྱོར་མོ་ལུང་ལྷ་མོ་བཅས་ལས་གྲུབ་པའི་སྐོར་སྐྱོད་དཔུང་ཁག་གིས་གར་སྟབས་ལ་བརྟེན་ནས་འཁྲབ་སྟོན་བྱས་ཏེ་ཚང་མས་དབྱིངས་ཞུགས་ཉམས་ལེན་ཁྲོད་གནའ་བོའི་ཁྲོམ་གཞུང་གི་གདིང་གཞི་ཟབ་མོ་དང་གྲོང་ཁྱེར་གྱི་དར་རྒྱས་རྣམ་པ་ཚོར་བར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།