གནས་སྤོའི་ལམ་གྱི་གཙོད་ཁྱུ།
འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གཙོད་ཁྱུ་བསྒྲིགས་ནས་གནས་སྤོ་བཞིན་པའི་རྣམ་པ་ཡིན་པ།
ལོ་རེའི་ཟླ་བ་5པ་ནས་7པའི་བར་ནི་བོད་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་་གནས་སྤོ་དང་གཙོད་ཕྲུག་སྐྱེ་བའི་དུས་རེད། གཙོད་རྣམས་དུས་རྒྱུན་གྱི་ཁ་ཐོར་འཚོ་སྡོད་བྱ་ཡུལ་ནས་གཅིག་ཏུ་འདུས་ཏེ་ཁྱུ་བསྒྲིགས་ནས་དུས་གཅིག་དང་ལམ་ཐིག་གཅིག་བརྒྱུད་དེ་གཙོད་ཕྲུག་བཙའ་སའི་ཕྱོགས་སུ་བསྐྱོད་པ་དེ་ནི“གོ་ལ་ཧྲིལ་པོའི་བརྗིད་ཉམས་ཆེ་ཤོས་ཀྱི་རྨིག་ལྡན་སྲོག་ཆགས་རིགས་ཆེན་པོ་གསུམ་གྱི་གནས་སྤོ་ཆེན་པོའི་གྲས་ཤིག་ཡིན”ཟེར་སྲོལ་ཡོད།
འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གཙོད་ཁྱུ་བསྒྲིགས་ནས་གནས་སྤོ་བཞིན་པའི་རྣམ་པ་ཡིན་པ།
གནས་སྤོ་རིང་དེ་གར་ཡོད་པའི་སྤྱང་ཀི་དང་དྲེད་མོང་སོགས་གཅན་གཟན་ལ་དོགས་ཟོན་ཇི་ཙམ་བྱས་ནའང་གཙོད་མང་པོ་ཞིག་གཅན་གཟན་གཏུམ་པོའི་ཟས་སུ་འགྱུར་གྱི་ཡོད། དགའ་འོས་པ་ཞིག་ལ་གཙོད་མི་ཉུང་བ་ཞིག་བདེ་འཇགས་ངང་དམིགས་སར་འབྱོར་ནས་གཙོད་ཕྲུག་སྐྱེ་ཐུབ་ཀྱི་ཡོད།
འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གཙོད་ཁྱུ་བསྒྲིགས་ནས་གནས་སྤོ་བཞིན་པའི་རྣམ་པ་ཡིན་པ།
2024ལོའི་ཟླ་6ཚེས་5ཉིན་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཁྱབ་བསྒྲགས་བྱས་པའི《2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པར། བོད་ཀྱི་ས་ཁོངས་སུ་གཙོད་ཀྱི་མགོ་གྲངས་ཁྲི་30ལྷག་ཙམ་ཟིན་ཡོད།
འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གཙོད་ཁྱུ་བསྒྲིགས་ནས་གནས་སྤོ་བཞིན་པའི་རྣམ་པ་ཡིན་པ།