དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ལྗོངས་ཉི་མ་རྫོང་གི་རི་སྐྱེས་སྲོག་ཆགས་བདག་སྐྱོང་ས་ཚིགས་ཀྱི་འབྲོང་ཕྲུག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-06-21

    འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ལྟེ་བའི་ཁུལ་གྱི་རི་སྐྱེས་སྲོག་ཆཌ་བདག་སྐྱོང་ས་ཚིགས་ཉེ་འགྲམ་དུ་བདག་སྐྱོང་བས་འབྲོང་ཕྲུག་འཆམ་འཆམ་དུ་འཁྲིད་བཞིན་པ།

    འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ལྟེ་བའི་ཁུལ་གྱི་རི་སྐྱེས་སྲོག་ཆགས་བདག་སྐྱོང་ས་ཚིགས་སུ་བདག་སྐྱོང་བ་གཉིས་ཀྱིས་འབྲོང་ཕྲུག་ལ་འོ་མ་སྟེར་བཞིན་པ།

    འདི་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ལྟེ་བའི་ཁུལ་གྱི་རི་སྐྱེས་སྲོག་ཆགས་བདག་སྐྱོང་ས་ཚིགས་སུ་བདག་སྐྱོང་བས་འབྲོང་ཕྲུག་དང་རྩེད་མོ་རྩེ་བཞིན་པ།

    ཉེ་ཆར། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དུ་གནས་པའི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ལྟེ་བའི་ཁུལ་གྱི་རི་སྐྱེས་སྲོག་ཆགས་བདག་སྐྱོང་ས་ཚིགས་སུ། རི་སྐྱེས་སྲོག་ཆགས་བདག་སྐྱོང་བ་ཚོས་རྒྱུན་གཏན་གྱི་སྐོར་ཞིབ་ལས་འགན་སྒྲུབ་སྐབས་འབྲོང་ཕྲུག་ཅིག་རྙེད་པས། རུ་མི་ཚོས་རྒྱུན་སྲོལ་ལྟར་བདག་སྐྱོང་ས་ཚིགས་སུ་ཁྲིད་པ་རེད།

    བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་ཉིད་བོད་བྱང་ཐང་དུ་གནས་པ་དང་། ཆ་སྙོམས་ས་བབ་སྨི་4500ཡན་ཡོད་ཅིང་། འདི་གར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་10དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་21ཡོད་པས“རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ”ཞེས་བརྗོད་ཀྱི་ཡོད། 2015ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་བྱང་ཐང་དུ་རི་སྐྱེས་སྲོག་ཆགས་བདག་སྐྱོང་ས་ཚིགས་73བཙུགས་པ་དང་། མིག་སྔར་རི་སྐྱེས་སྲོག་ཆགས་ཀྱི་ཆེད་ལས་བདག་སྐྱོང་བ་780ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།