དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གདང་ལའི་བྱང་རྒྱུད་ཁུལ་ཁོངས་འཛུཌ་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ།

    ཁྱོན་བསྡོམས་ཆུ་བོ་དང་མཚེའུ་ཡི་སྔོ་ཁེབས་མུའུ་6298.3སྲུང་སྐྱོང་དང་སླར་གསོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-21

    ཉེ་ཆར། གསར་འགོད་པས་ནག་ཆུ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གདང་ལའི་བྱང་རྒྱུད་ཁུལ་ཁོངས་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། མིག་སྔའི་བར་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་། རང་བྱུང་ཐོན་ཁུངས་བརྟག་དཔྱད། ས་མཚམས་རྩད་ཞིབ་དང་མཚོན་རྟགས་འཛུགས་པ། བར་སྣང་དང་ས་གཞི་གཞི་གཅིག་ཅན་འཛུགས་སྐྲུན། སྲུང་སྐྱོང་ས་ཚིགས་འཛུགས་སྐྲུན། རང་བྱུང་སློབ་གསོ་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་ལ་དམིགས་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་9.07བཏང་ནས་རྣམ་གྲངས་50ལྷག་ཙམ་ལག་བསྟར་བྱས་པ་མ་ཟད། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་མི་ཐེངས་ཁྲི་2.38ལྷག་ཙམ་གདན་ཞུ་བྱས་པ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མ་དངུལ་སྒོར་དུང་ཕྱུར་1.66དོན་འཁྱོལ་བྱས་པར་བརྟེན་གླིང་ཁུལ་མང་ཚོགས་ཀྱི་ཡོང་འབབ་འཕར་ཡོད།

    བར་སྣང་དང་ས་གཞི་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་ལས་སྟེགས་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཞིང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གདང་ལའི་བྱང་རྒྱུད་ཁུལ་ཁོངས་དང་། བྱང་ཐང་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ཁུལ། སེར་གླིང་མཚོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཅས་སུ་བར་སྣང་དང་ས་གཞི་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་14བསྐྲུན་པ་དང་སྲུང་སྐར་འཕྲིན་གཏོང་མ་ལག་ཆ་ཚང་14བཀོད་སྒྲིག་བྱས་པར་བརྟེན། གླིང་ཁུལ་གྱི་གཙོད་དང་། འབྲོང་། ཤྭ་བ་མཆུ་དཀར་སོགས་སྐྱེ་དངོས་རིགས་དང་འཁྱགས་རོམ་དང་། གཙང་པོའི་ཆུ་འགོ རྩྭ་ཐང་། འདམ་ར་སོགས་རང་བྱུང་ཐོན་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་དང་པར་དུས་ཐོག་ཏུ་བརྒྱུད་གཏོང་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།