གོང་དཀར་རྫོང་གི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐྱེ་ཁམས་དང་དཔལ་འབྱོར་གྱི“ལོ་ལེགས་ཉིས་བརྩེགས”བྱུང་བ།
འདི་ལོ། གོང་དཀར་རྫོང་གིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་བརྟེན་ནས“སྲིད་གཞུང་གིས་ལས་སྟེགས་འཛུགས་པ་དང་། མང་ཚོགས་དེར་ཞུགས་པ། འབབ་འཕར་དམངས་ཕྱུག་ཡོང་བ”བཅས་ཀྱི་རྣམ་པ་གསར་གཏོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་བར་སྐྱེ་ཁམས་དང་དཔལ་འབྱོར་གྱི“ལོ་ལེགས་ཉིས་བརྩེགས”མངོན་འགྱུར་བྱུང་ཡོད། མིག་སྔའི་བར་རྣམ་གྲངས་དེས་རྫོང་ཡོངས་ཀྱི་ཞིང་འབྲོག་པ་4008ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ནས་ཡོང་འབབ་སྒོར་ཁྲི་2068གཏོད་ཐུབ་རེ་ཡོད་པ་རེད།
མང་ཚོགས་རྣམས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནང་ཞུགས་པའི་སྤྲོ་སེམས་སྐུལ་སློང་གང་ལེགས་བྱ་ཆེད། གོང་དཀར་རྫོང་གིས་རིམ་གསུམ་སྐུལ་སློང་མ་ལག་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་གོང་དཀར་དུམ་བུའི་བཀོད་འདོམས་པུའུ། ལས་དོན་ཆེད་སྒྲུབ་ཚན་ཁག “ཆེད་སྒྲུབ་ཚན་ཁག་དང་ཆེད་དོན་རྣམ་གྲངས”ཟུང་དུ་འབྲེལ་བའི་སྐུལ་འདེད་ལམ་སྲོལ་བཅས་བཙུགས་པས། རྣམ་གྲངས་ཀྱི་ཁ་ཕྱོགས་ཁོང་དུ་གནད་སྨིན་ཆུད་པ་དང་། ལས་ཞུགས་གཞན་སྒྱུར་ཚོགས་ཆུང་གིས་རང་འགུལ་གྱིས་འཛུགས་སྐྲུན་ཁེ་ལས་དང་སྦྲེལ་མཐུད་བྱས་ཏེ་ཁེ་ལས་26དང་ལས་མི་སྤྱོད་པའི་མཉམ་ལས་གྲོས་མཐུན་བཞག་པ་དང་ལས་གནས་2326གསར་སྤེལ་བྱས་པ་མ་ཟད། ངལ་རྩོལ་ལྟ་ཞིབ་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་དུས་བཀག་ལྟར་རྣམ་གྲངས་ཁུལ་དུ་བསྐྱོད་ནས་ཞིང་འབྲོག་པའི་ངལ་རྩོལ་ཁེ་དབང་འགན་སྲུང་བྱས་པ་དང་། ཤང(གྲོང་རྡལ)དང་གྲོང་ཚོ(སྡེ་ཁུལ་)ཁག་གིས་ཐབས་ལམ་མང་པོའི་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་གྱི་དོན་སྙིང་དང་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་ལས་ཞུགས་འདུ་ཤེས་ལ་འགྱུར་ལྡོག་བཏང་བ་རེད།