དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • མཚོ་སྨད་རྫོང་གིས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུཌ་ཆེན་བཏང་ནས་ལྗང་མདོག་གི“མཛེས་ལྗོངས”ཡག་པོ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-18

    འདི་ནི་མཚོ་སྨད་རྫོང་གྲོང་ཉེ་འདབས་ཀྱི་རི་ལྡེབས་སུ་བསྒྲིགས་པའི་འོད་ཤུགས་གློག་གཏོང་ཤེལ་ལེབ་ཡིན་པ། (པར་འདི་མཚོ་སྨད་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་མཁོ་འདོན་བྱས)

    འདི་ནི་འོད་ཤུགས་གློག་ཁང་གི་བཟོ་པས་རྒྱུན་དུ་གློག་ཁང་གི་འཁོར་སྐྱོད་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

    འདི་ནི་མཚོ་སྨད་རྫོང་འོད་ཤུགས་གློག་ཁང་གི་འཁོར་ཁང་ཡིན་པ།

    འདི་ནི་གྲི་གུ་རྩྭ་ཐང་དུ་ཀྲུང་གོ་འགག་གསུམ་ཚོགས་པས་མ་དངུལ་བཏང་ནས་བསྐྲུན་པའི་རླུང་གློག་ར་བ་ཡིན་པ། (པར་འདི་མཚོ་སྨད་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་མཁོ་འདོན་བྱས)

    ཉེ་བའི་ལོ་ཤས་རིང་། མཚོ་སྨད་རྫོང་གིས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། གངས་ལྗོངས་ས་མཐོར་ལྗང་མདོག་གི“མཛེས་ལྗོངས”ཡག་པོ་ཞིག་བསྐྲུན་ཡོད་པ་རེད།

    མཚོ་སྨད་རྫོང་གྲི་གུ་རྩྭ་ཐང་གི་ལྟེ་བའི་ས་བབ་སྨི་5000ཟིན་པའི་རི་རྩེར“ངར་ལྕགས་ཀྱི་གྱད་མི”དཀར་པོ་25འགྱིངས་ངེར་ལངས་ཡོད་ལ། དེ་ག་ནི་རང་རྒྱལ་གྱི་ས་བབ་ཧ་ཅང་མཐོ་བའི་རླུང་གློག་རྣམ་གྲངས་ཐོག་མ་གྲི་གུ་རླུང་གློག་ར་བ་རེད།

    གྲི་གུ་རླུང་གློག་ར་བ་ནི་ཀྲུང་གོ་འགག་གསུམ་ཚོགས་པས་མ་དངུལ་བཏང་ནས་བསྐྲུན་ཞིང་། དེ་ནི་རང་རྒྱལ་གྱི་ས་བབ་ཧ་ཅང་མཐོ་བའི་རླུང་གློག་གསར་སྤེལ་ལག་རྩལ་ཞིབ་འཇུག་དང་ཚན་རྩལ་དཔེ་སྟོན་རྣམ་གྲངས་ཐོག་མ་དེ་ཡིན་ལ། བོད་ཀྱི་ཤོང་ཚད་ཡོངས་དྲ་སྦྲེལ་བྱས་པའི་རླུང་གློག་རྣམ་གྲངས་ཐོག་མ་དེ་ཡང་ཡིན་པས། དེས་རང་རྒྱལ་གྱི་ས་བབ་ཧ་ཅང་མཐོ་ཁུལ་གྱི་རླུང་གློག་གསར་སྤེལ་འཛུགས་སྐྲུན་ལས་རིགས་ཀྱི་སྟོང་ཆ་གསབ་ཡོད། རྣམ་གྲངས་དེའི་དུས་ཐེངས་དང་པོ་དང་གཉིས་པའི་ལས་གྲྭའི་སྤྱིའི་གློག་འདོན་ཚད་72.6MWཟིན་ནས་ཤོང་ཚད་ཡོངས་དྲ་སྦྲེལ་གློག་འདོན་ཐུབ་ཡོད་པ་རེད། 2024ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན་གློག་དྲར་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་4.2ཡན་ཟིན་པ་དེས་ཚད་ལྡན་རྡོ་སོལ་ཏུན་ཁྲི་5.2ཙམ་གྲོན་ཆུང་བྱས་ནས་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་42ཙམ་ཉུང་དུ་བཏང་བ་དང་མཚུངས་པས། ལྷོ་ཁ་གྲོང་ཁྱེར་གྱི་གློག་མི་འདང་བའི་གནད་དོན་ཞི་ལྷོད་དུ་གཏོང་བ་དང་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་རེད།

    ཉིན་ཤས་གོང་། མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྱི་རླུང་ཤུགས་གློག་འདོན་དང་ནུས་གསོག་རྣམ་གྲངས་འགྲན་རྩོད་བཀོད་སྒྲིག་ཐུབ་ཡོད་པ་སྟེ། འགྲན་རྩོད་བཀོད་སྒྲིག་གི་སྤྱིའི་གཞི་ཁྱོན་300MWདང་། རྣམ་གྲངས་དེའི་མ་འཇོག་བསྡོམས་འབོར་ལ་སྒོར་དུང་ཕྱུར་16.5ཙམ་ཟིན་པ་དང་དུས་ཐེངས་གསུམ(དུས་ཐེངས་དང་པོ་80MWདང་། དུས་ཐེངས་གཉིས་པ་120MW དུས་གསུམ་པ་100MW)ལ་བགོས་ནས་ལག་བསྟར་བྱས་པ་རེད། ཤེས་རྟོཌ་བྱུང་བར་གཞིཌ་ན། ད་ལོར་རྣམ་གྲངས་ཀྱི་དུས་ཐེངས་དང་པོ་དང་གཉིས་པ་ལག་བསྟར་བྱ་རྒྱུ་དང་2026ལོར་རྣམ་གྲངས་ཀྱི་དུས་ཐེངས་གསུམ་པ་ལག་བསྟར་བྱ་རྩིས་ཡོད་པ་རེད། འབྱུང་འགྱུར་ད་དུང་མཚོ་སྨད་རྫོང་དུ་ཆན་ཝ་ཁྲི་བརྒྱ་རིམ་པའི་རླུང་གློག་རྟེན་གཞི་བསྐྲུན་ནས་རླུང་ནུས་དེ་བས་མང་པོ་ལྗང་མདོག་གློག་ནུས་སུ་བསྒྱུར་ཏེ་མི་སེར་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་པ་རེད།

    མཚོ་སྨད་རྫོང་གྲོང་གི་ཤར་ནུབ་གཞོགས་གཉིས་ཀྱི་རི་ལྡེབས་སུ་འོད་ཤུགས་གློག་གཏོང་ཤེལ་ལེབ་བསྒྲིགས་ཡོད་པ་དང་། མཚོ་སྨད་རྫོང་ལ་ལོ་འཁོར་མོར་ཉི་འོད་འཕྲོ་ཤུགས་ཆེ་ལ་ཆར་ཆུ་ཡང་ཉུང་ཞིང་། ལོ་རེའི་ཆ་སྙོམས་ཉི་འོད་འཕྲོ་ཡུན་ཆུ་ཚོད་2800ཡན་ཟིན་པས་ཉི་ནུས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྨད་རྫོང་གིས་འོད་ཤུགས་གློག་འདོན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་བྱུང་ཡོད། མིག་སྔའི་བར། མཚོ་སྨད་རྫོང་གིས་ཁྱོན་འོད་ཤུགས་གློག་ཁང་3བསྐྲུན་པ་དེ་དག་གི་སྤྱིའི་གློག་འདོན་ཚད་70MWཟིན་ཡོད། 2017ལོར་འོད་ཤུགས་གློག་ཁང་དང་པོ་དྲ་སྦྲེལ་གློག་འདོན་ཐུབ་པ་ནས་2024ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན་གློག་འདོན་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་3.4ཡན་ཟིན་པ་དེས་ཚད་ལྡན་རྡོ་སོལ་ཏུན་ཁྲི་4.2ཙམ་གྲོན་ཆུང་བྱས་ནས་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཚད་ཏུན་ཁྲི་33.9ཙམ་ཉུང་དུ་བཏང་བ་དང་མཚུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།