དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • བོད་ཀྱིས་ཐབས་མང་མཉམ་དུ་སྤྱད་དེ“ཁུལ་ཡོངས་སྙིགས་མེད”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-14

    གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་གྲོང་ཁྱེར་དང་ས་ཁུལ་7ཡོངས་སུ་ཁྱབ་པར་བྱེད་ཆེད། བོད་ལྗོངས་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས“ཁུལ་ཡོངས་སྙིགས་མེད”ཀྱི་དམིགས་ཚད་གཞིར་བཟུང་བྱེད་ཐབས་སྣ་ཚོགས་བཏོན་ཡོད།

    བྱེད་ཐབས་དེ་དག་གི་གྲས་སུ་རིམ་པ་དང་སྡེ་ཚན་ལས་བརྒལ་བའི་མཉམ་འབྲེལ་གྲོས་ཚོགས་འཛུགས་པ་དང་། ཆུས་དང་གྲོང་ཁྱེར་རིམ་གཉིས་ཀྱི“སྙིགས་མེད་གཞུང་དོན་ཁང”འཛུགས་པ་དང་འབྲེལ་རྒྱུན་གཏན་གྱི་བཀོད་གཏོང་ལམ་སྲོལ་འཛུགས་པ། “གྲོང་ཁྱེར་དང་རྫོང་གིས་སྙན་ཞུ་འབུལ་བ་དང་སྐབས་བསྟུན་རིམ་པ་བཞིན་དཔྱད་བསྡུར་བྱེད་པའི”བྱ་ཐབས་ལག་བསྟར། བྱ་དགའ་ཆད་གཅོད་ལམ་སྲོལ་ཆ་ཚང་དུ་གཏོང་བ་དང་འབྲེལ་ནོར་སྲིད་སྤོ་སྒྱུར་གཏོང་སྤྲོད་དང་ཟུང་འབྲེལ་བྱེད་པ། སྲ་གཟུགས་སྙིགས་རོ་བཅོས་སྐྱོང་སྲོལ་ཡིག་2025ལོའི་ཁྲིམས་འཛུགས་འཆར་གཞིར་འཇུག་པར་སྐུལ་འདེད་གཏོང་བ། “སྐལ་བཟང་མེ་ཏོག”གི་འཆད་ཁྲིད་དགེ་རྒན་གྱི་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ཏེ། ཁག་དང་པོར་གཞི་རིམ་གྱི་འཆད་ཁྲིད་དགེ་རྒན་60ཡིས“སྙིགས་མེད་ས་མཐོའི”འདུ་ཤེས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་ཐེངས་150ལྷག་ཙམ་བྱེད་པ་བཅས་ཚུད་ཡོད།

    རྒྱལ་ཡོངས་ཀྱི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གྱི་ཞིབ་ཕྲའི་ཁ་ཕྱོགས་དང་ཁྱད་ལྡན་ལས་འགན་ཁ་གསལ་བཟོས་པའི་གྲོང་ཁྱེར(ས་ཁུལ)ཁག་ཐོག་མ་དང་རྒྱལ་ཡོངས་ཀྱི་ཁོངས་ཞུགས་ཚན་པའི་འགན་འཁྲི་ཁག་བགོས་ཁ་གསལ་བཟོས་པའི་ཞིང་ཆེན་ཐོག་མ་དེ་ཡིན་པའི་ངོས་ནས《བོད་རང་སྐྱོང་ལྗོངས་ཀྱི་སྲ་གཟུགས་སྙིགས་རོའི་ཁོར་ཡུག་སྦགས་བཙོག་འགོག་བཅོས་སྲོལ་ཡིག》མི་དམངས་འཐུས་ཚོགས་ཀྱི་2025ལོའི་ཁྲིམས་འཛུགས་འཆར་གཞིར་བཅུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།