དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་སོགས་སྡེ་ཚན་10ཡིས།

    ​《བོད་རང་སྐྱོང་ལྗོངས་ཀྱི་མཛེས་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》མཉམ་དུ་བཟོས་ནས་བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-10

    ཉེ་ཆར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ། རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཚན་10ཡིས《བོད་རང་སྐྱོང་ལྗོངས་ཀྱི་མཛེས་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》(གཤམ་དུ《ལག་བསྟར་ཇུས་གཞི》ཞེས་བསྡུ་རྒྱུ)མཉམ་དུ་བཟོས་ནས་བཀྲམ་པ་རེད། 

    ལྗོངས་ཡོངས་ཀྱི་མཛེས་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་འགན་ཡི་གེ་དང་། ལམ་ཐིག་དཔེ་རིས། དུས་ཚོད་རེའུ་མིག་བཅས་ཡིན་པའི《ལག་བསྟར་ཇུས་གཞིའི》ནང་། 2027ལོ་དང་2035ལོར་སླེབས་སྐབས་ཀྱི་དམིགས་ཚད་གཙོ་བོ་ཁ་གསལ་བཟོས་པ་དང་། ས་མཐོའི་གྲོང་ཁྱེར་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་ཆགས་རྒྱུ་བཀོད་སྒྲིག་བྱས་ནས། གྲོང་ཁྱེར་གྱི་བཟོ་ལས་དང་། ནུས་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན། འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྦགས་འཕྲི་ཐཱན་གཅོག་ལ་མཐུན་སྦྱོར་དང་ཕན་ནུས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བརྟན་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ཞུགས་འཐུས་དོ་དམ་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལས་དོན་ཞིབ་ཚགས་ངང་ཡག་པོ་བསྒྲུབས་ཡོད། སྤུས་ཚད་མཐོ་བའི་སྐྱེ་ཁམས་གནས་འཕྲོད་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ། དོན་དངོས་དང་འཚམ་པའི་ས་མཐོའི་གྲོང་ཁྱེར་གྱི་རྣམ་པ་དང་ཁྱད་ཆོས་སྔོག་འདོན་བྱས་ཡོད། གྲོང་ཁྱེར་གྱི་ཁོར་ཡུག་དེ་བས་སྐྱོན་བྲལ་བདེ་འཇགས་ཡོང་བར་སྐུལ་མ་བཏང་ནས། གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཁུལ་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་གྱི་གྲངས་རིག་ཅན་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་། གྲངས་འཛིན་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ། སྡེ་ཚན་བརྒལ་བའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལས་སྒོ་འདུས་གྲུབ་དང་། གྲངས་གཞི་མཉམ་འགུལ། མཉམ་སྤྱོད་དང་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་འདོམས་བཅོས་སྐྱོང་གི་མཉམ་སྒྲུབ་ཆུ་ཚད་མཐོ་རུ་བཏང་ཡོད། གྲོང་ཁྱེར་གྱི་མཛེས་པའི་སྒྲིག་བཀོད་སྣ་ཚོགས་འཛུགས་སྐྲུན་ལ་ཁྲིད་སྟོན་བྱེད་པ་དང་། ཁྲོམ་གཞུང་དང་སྡེ་ཁུལ་གྱི་ལྗང་མདོག་ཁྲིད་སྟོན་ལ་ཤུགས་རྒྱག་པ། ལྗང་མདོག་གཙོ་རྒྱུར་དམིགས་པ། ལྗང་མདོག་འགྲོ་སྐྱོད་ལ་སྐུལ་ལྕག་གཏོང་བ། ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་བ་བཅས་བྱས་ནས། ཁོངས་གཏོགས་ཁུལ་གྱི་སྔོ་ལྗང་མང་དུ་བཏང་བ་དང་དེ་བས་མཛེས་སྡུག་ལྡན་པར་བྱས་ཡོད། མཛེས་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལས་གྲྭ་གལ་ཆེན་སོགས་གཙོ་གནད་ལས་འགན་ཁག་7ལག་བསྟར་བྱས་པ་དང་འབྲེལ། རྩ་འཛུགས་ཀྱི་འགན་སྲུང་བྱ་ཐབས་བཏོན་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ལྗོངས་ཡོངས་ཀྱི་མཛེས་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་དཔྱད་གཞིའི་དམིགས་ཚད་ཁག་15བཟོས་ཏེ། ལྗོངས་ཡོངས་ཀྱི་མཛེས་པའི་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རྨང་གཞི་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།