2024ལོར་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་པ།
ཚེས་5ཉིན་གྱི་སྔ་དྲོར་གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2024ལོར་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་བྱུང་ཞིང་། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%ཟིན་པ་དང་། གཙང་པོ་དང་མཚོ་གཙོ་བོའི་ཆུ་སྤུས་རིགས་Ⅲཔར་སླེབས་པའམ་ཡང་ན་དེ་ལས་ལེགས་པར་སླེབས་པའི་བསྡུར་ཚད་100%ཟིན་པ། འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་པ། ཉང་ཆུ་རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚེའུ་ཕུལ་བྱུང་གི་དཔེ་མཚོན་དུ་བདམས་པ་བཅས་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོར་རང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་ཐད། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི《སྲོལ་ཡིག》དང《འཆར་འགོད》ལག་ལེན་གཏིང་ཟབ་བསྟར་ནས།“གསལ་ཐོ་བཞི”བཟོས་པ་དང་། “ཟླ་རེར་བཀོད་གཏོང་དང་། དུས་ཚིགས་རེར་སྐུལ་འདེད། ལོ་ཕྱེད་ནང་གནས་སྐབས་ཀྱི་ཕྱོགས་སྡོམ། ལོ་འཁོར་ནང་ཕྱོགས་སྡོམ་ཆེན་པོ”བཅས་ཀྱི་ལམ་སྲོལ་དོན་འཁྱོལ་བྱས་པས། གཙོ་གནད་ལས་འགན་ཁག་34ཕྱོཌ་ཡོངས་ནས་དོན་འཁྱོལ་བྱུང་བ་དང་། གཙོ་གནད་རྣམ་གྲངས་ཁག་14བསྐྲུན་པ། དམིགས་ཚད་ཁག་18རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད། རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལ་གོ་རིམ་ལྡན་པར་སྐུལ་འདེད་བཏང་སྟེ། རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་ལྟ་ཞིབ་སྤེལ་བ་མ་ཟད། ས་ཁུལ་དང་གྲོང་ཁྱེར་7ལ“ཡོངས་སུ་ཁྱབ་པར”བྱས་ནས་སྐྱེ་ཁམས་ཁོར་ཡུག་པུའི་རིགས་གཅིག་མཁས་ཅན་གདན་དྲངས་ནས“བསྒར་རྒྱན་རྣམ་པའི”མཛུབ་ཁྲིད་བྱས་པ་རེད།
མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད། 《མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》དོན་འཁྱོལ་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི“1+8”ལམ་ལུགས་མ་ལག་བཙུགས་ནས་མཛེས་སྡུག་ལྡན་པའི་དཔལ་འབྱོར་དང་། མཛེས་སྡུག་ལྡན་པའི་གྲོང་ཁྱེར། མཛེས་སྡུག་ལྡན་པའི་ཆུ་བོ་དང་མཚོ་སོགས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་དང་། ལྗོངས་ཡོངས་ཀྱི་ནུས་རྒྱུ་གཙང་མའི་གློག་འདོན་ཤུགས་96%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་དང་ལྟ་ཞིབ་ཚད་ལེན་རྩལ་ནུས་འགྲན་བསྡུར་སྐབས་བཞི་པ་གཉེར་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་སྤུས་ཚད་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ས་ཚིགས་6དང“རྒྱལ་ཁབ་ཀྱི་ས་ཚིགས་6དང་ལྟ་ཞིབ་ཚད་ལེན་ས་ཆ་661”ཟུང་དུ་འབྲེལ་བའི་ལྟ་ཞིབ་ཚད་ལེན་གྱི་ལས་སྟེགས་བསྐྲུན་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་ཐབས་ཁག་16གཏན་འབེབས་དང་དོན་འཁྱོལ་བྱས་ཏེ་ལྷ་སའི“ཐཱན་ཉུང་གྲོང་ཁྱེར”གྱི་ཚོད་ལྟའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ། ཨར་འདམ་དང་མདོག་ལྡན་ལྕགས་རིགས་སོགས་གཙོ་གནད་ལས་རིགས་24ཡི་ཐཱན་འབུད་ཚད་ལ་ཞིབ་བཤེར་བཅས་བྱས་པ་རེད།
གཞན་ཡང་། ན་ནིང་ནས་བཟུང་། རང་ལྗོངས་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་བརྒྱབ་ནས་སྦགས་བཙོག་བཅོས་སྒྲིག་གནད་ལ་འཁེལ་བ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“མཚོན་བྱེད་རང་བཞིན་གྱི་དམག་འཐབ་ཆེན་པོ་བདུན”ཡག་པོ་བརྒྱབ་ཅིང་། 《བོད་རང་སྐྱོང་ལྗོངས་ཀྱི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་བའི་བྱ་སྤྱོད་ཇུས་གཞི》ལག་ལེན་བསྟར་ཏེ། ལྗོངས་ཡོངས་ཀྱི་ཕྲ་རྡུལ་དང་དྲི་ངན་དབྱང་རླུང་མཉམ་དུ་ཚོད་འཛིན་གྱི་ཆེད་དོན་བརྟག་དཔྱད་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱས་པ་དང་། ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་གཏོང་གི་དམིགས་བསལ་ཆོག་མཆན་གཉེར་སྐྱོང་ཚོད་ལྟ་བྱ་རྒྱུར་མཐུན་སྦྱོར་སྐུལ་འདེད་བཏང་བ། འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་འབུད་ཚད་ལ་ཞིབ་དཔྱད་ཚད་ལེན་དང་བཙན་ཤེད་ཀྱི་སྲུང་སྐྱོང་ལམ་ལུགས་བཙུགས་ཏེ། ཀ་ཝོན་མིན་པའི་སྤྱི་ཐིན་དང་བྱེད་ནུས་ཁུལ་གྱི་སྒྲའི་ཁོར་ཡུག་རང་འགུལ་ལྟ་ཞིབ་ཚད་ལེན་ས་ཚིགས་52བསྐྲུན་པ། ཆུ་བོའི་བཙོག་འབུད་མདོ་ཁ་ཚད་ལྡན་ཅན་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ་ཆུ་བོར་འབུད་པའི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་པ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་137དང་སྨན་བཅོས་སྒྲིག་གཞི་132ཀྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་ལ་གཅིག་སྡུད་གྲལ་བཤེར་དག་ཐེར་བྱས་པ་དང་། རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུ་སྤུས་ལ་ལྟ་ཞིབ་ཚད་ལེན་དང་ཡོངས་བཤེར་བྱས་པ། ཆུ་ཁུངས་སྲུང་སྐྱོང་ཁུལ་7ལ་ཚད་ལྡན་ཅན་འཛུགས་སྐྲུན་ལག་བསྟར་བྱས་པ་བཅས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གྲོང་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་བྱེད་ཚད་97.67%དང་93.15%སོ་སོར་ཟིན་པ། ས་རྒྱུའི་གཙོ་གནད་ལྟ་འདོམས་སྡེ་ཚན་གྱི་མཐའ་འཁོར་ས་རྒྱུར་ལྟ་ཞིབ་ཚད་ལེན་དང་གཏེར་ཁུལ་གྱི་སྲ་གཟུགས་སྙིགས་རྫས་ལ་གྲལ་བཤེར་བྱས་ནས་གཏེར་སྙིགས་མཛོད་ཀྱི་སྦགས་བཙོག་གི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་དག་ཐེར་བྱས་པ། ས་ཁུལ(གྲོང་ཁྱེར)7གྱི་ས་འོག་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་གཙོ་གནད་ཁུལ་དབྱེ་བ་དང་ས་ཁུལ(གྲོང་ཁྱེར)4ཡི་ས་འོག་ཆུའི་ཁོར་ཡུག་གནས་ཚུལ་ལ་བརྟག་དཔྱད་བྱས་པ། ལྗོངས་ཡོངས་ཀྱི་སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་ཚད་93.5%ཟིན་པ་དང་། གཙོ་གནད་འཛུགས་སྐྲུན་ས་ཆ་བདེ་འཇགས་ངང་སྤྱོད་ཚད་100%རྒྱུན་འཁྱོངས་བྱས་ཡོད།