དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • སྨན་གླིང་གྲོང་ཁྱེར་གྱི་ཤིང་པདྨ་སེར་པོའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-06-05

    འདི་ནི་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོར་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

    འདི་ནི་ཡུལ་སྐོར་བས་ལག་ཐོགས་ཁ་པར་གྱིས་སྨན་གླིང་གི་ཤིང་པདྨ་སེར་པོ་པར་རྒྱག་བཞིན་པ།

    ཉེ་ཆར། སྨན་གླིང་གྲོང་ཁྱེར་གྱི་ཤིང་པདྨ་སེར་པོའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བདུན་པ་གནས་ཡུལ་རོང་མཛེས་ལྗོངས་ཁུལ་དུ་གཉེར་བ་རེད།

    ད་ཐེངས་ཀྱི་ཡུལ་སྐོར་དུས་ཆེན་གྱིས་སྨན་གླིང་གི་རིག་གནས་ཀྱི་ནང་དོན་དང་ཐུན་མིན་གྱི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གནས་ཡུལ་རོང་མཛེས་ལྗོངས་ཁུལ་གྱི་སྒོ་མོ་ཕྱེ་བ་དང་། རིག་རྩལ་འཁྲབ་སྟོན། ཚོང་འགུགས་མ་འདྲེན། དངོས་ཟོག་བརྗེ་རེས། གཟུགས་པོར་བརྟག་དཔྱད། རྐང་ཐང་མར་འཚོལ་ཞིབ་སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་8སྤེལ་བས། “རི་ཆུ་འཛོམས་པའི་སྨན་གླིང་། ས་མཐོའི་མུ་ཏིག”ཅེས་པའི་སྤུས་རྟགས་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་དྲ་ཐོག་དང་དྲ་ཕྱི་ནས་མི་ཁྲི་258ལྷག་ཙམ་ལྟ་སྐོར་དང་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་31ཙམ་ལ་སྣེ་ལེན་ཞུས་པར། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་2.7བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།