ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གིས།
2025ལོའི“མ་ཡུམ་མཚོ་སྲུང་སྐྱོང་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གིས་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་དུ་2025ལོའི“མ་ཡུམ་མཚོ་སྲུང་སྐྱོང་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། རིག་རྩལ་འཁྲབ་སྟོན་དང་། དང་བླངས་སྒྲོག་འགྲེལ། མཚོ་འགྲམ་གྱི་གད་སྙིགས་གཙང་སེལ་གྱི་བྱ་སྤྱོད་སོགས་རྣམ་པ་སྣ་ཚོགས་བརྒྱུད། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུའི་འབོད་སྐུལ་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་སྣ་དཀར་རྩེ་རྫོང་གིས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་བ་དང་། མཚོ་དཔོན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ། མཚོ་འགྲམ་གྱི་སྐྱེ་ཁམས་ཉམས་པ་སླར་གསོར་སྐུལ་འདེད་བཏང་བས། མཚོ་ཆུའི་སྤུས་ཚད་རྒྱུན་མཐུད་བརྟན་པོ་བྱུང་བ་དང་སྐྱེ་དངོས་སྣ་མང་རང་བཞིན་མང་དུ་ངེས་ཅན་ཕྱིན་ཡོད། གཞན་ཡང་སྣ་དཀར་རྩེ་རྫོང་གིས་ད་དུང“སྐྱེ་ཁམས་དང་རིག་གནས་ཡུལ་སྐོར”ཟུང་འབྲེལ་གྱི་རྣམ་པ་འཕེལ་རྒྱས་ཧུར་ཐག་བཏང་ནས། འབྲོག་ཁྱིམ་ཡུལ་སྐོར་དང་རིག་གནས་ཉམས་ལེན་སོགས་ཀྱི་ཁྱད་ལྡན་ཐོན་ལས་བཏོད་པས། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གཉིས་ལ་མཐུན་སྦྱོར་སྐུལ་འདེད་ཐུབ་པ་བྱུང་ཡོད།