དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • རང་སྐྱོང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་དང་ཡོངས་སྤྱོད་མཁའ་འགྲུལ་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་ངོ་སྤྲོད་ཚོགས་འདུ་ཁྲེང་ཏུར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-28

    ཚེས་26ཉིན་གྱི་སྔ་དྲོར། ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པའི་གོ་སྐབས་བཟང་པོ་དང་བསྟུན་ནས། རང་སྐྱོང་ལྗོངས་ཀྱི་རིག་གནས་ཡུལ་སྐོར་དང་ཡོངས་སྤྱོད་མཁའ་འགྲུལ་ཐོན་ལས་ཀྱི་ཚོང་འགུགས་མ་འདྲེན་ངོ་སྤྲོད་ཚོགས་འདུ་ཁྲེང་ཏུར་འཚོགས་ཤིང་། ལྗོངས་ཕྱི་ནང་གི་ཁེ་ལས་70ལྷག་ཙམ་ཧུར་ཐག་ཞུགས་པའི་ཡིད་དབང་བཀུག་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ངག་དབང་ངོ་སྤྲོད་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

    ཚོགས་འདུའི་ཐོག་དམིགས་བསལ་དུ་ནན་བཤད་བྱས་དོན། ལྗོངས་ནང་ཁུལ་གྱི་མ་འཇོག་སྐུལ་སྤེལ་འབྲེལ་ཡོད་སྡེ་ཚན་ལ་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་གང་ལེགས་སྤྱོད་པ་དང་། ཕྱོགས་ཡོངས་དང་དུས་ཐོག་ཏུ་ལག་བསྟར། ཚོང་འགུགས་མ་འདྲེན་གྱི་རོགས་སྐྱོར་མ་དངུལ་དང་ཁྲལ་རིན་གཉིས་གཅོག་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག ཟོལ་མེད་ཀྱི་རྣམ་འགྱུར་ཐོག་ནས་ཁེ་ལས་ལ་འགན་སྲུང་བརྟན་པོ་དང་དུས་ཐོག་ཏུ་རོགས་རམ་བཅས་བྱས་ཏེ། ཁེ་ལས་བོད་དུ་འཕེལ་རྒྱས་ཡོང་བར་རྨང་གཞི་འདིང་བ་དང་། ཐབས་ལམ་ཤར་བགྲོད། འགལ་རྐྱེན་སེལ་བ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།