དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • རང་ལྗོངས་ཀྱི་ས་གནས་ཁག་གིས“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”རིམ་སྤེལ་བྱེད་སྒོ་སྣ་ཚོགས་སྤེལ་བ།

    རིག་གནས་ཡུལ་སྐོར་ཐོན་ཁུངས་ལེགས། བོད་དུ་ཕེབས་པར་དགའ་བསུ་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-21

    འདི་ནི་ཟླ་5ཚེས་19ཉིན་དོ་ར་རོལ་ཚོགས་ཀྱིས་རྩྭ་མདའ་རྫོང་གི་གུ་གེ་རྒྱལ་རབས་གནའ་ཤུལ་གྱི་མདུན་དུ་དམངས་སྲོལ་རོལ་དབྱངས་དཀྲོལ་བཞིན་པ།

    འདི་ལོའི་ཟླ་5ཚེས་19ཉིན་ནི“ཀྲུང་གོའི་ཡུལ་སྐོར་ཉིན་མོ”ཐེངས་15པ་ཡིན། རང་ལྗོངས་ཀྱི་ས་གནས་ཁག་གི་ས་ཚིཌ་མང་པོ་མཉམ་འགུལ་གྱིས་ལྗོངས་ཡོངས་ཀྱི་སྒོར་གཞས་འགྲན་བསྡུར་དང་། གནམ་མཚོ་དར་ཁ་ཕྱེ་བའི་དུས་ཆེན། རིག་གནས་དམངས་ཕན་མཛེས་ལྗོངས་ཁུལ་གྱི་བཅའ་སྡོད་འཁྲབ་སྟོན། རིག་གནས་ཡུལ་སྐོར་གྱི“ཐོན་རྫས་འོས་སྦྱོར་མཁན”གྱི་ཉམས་འགྱུར་སོགས་རིམ་སྤེལ་བྱེད་སྒོ་ཁག་70ལྷག་ཙམ་སྤེལ་ཏེ་ཕྱོགས་ཡོངས་དང་ཕྱོགས་བསྡུས་ཅན་གྱི་སྒོ་ནས་བོད་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་གསར་གཏོད་གྲུབ་འབྲས་མངོན་པ་མ་ཟད། སྤྲོ་སེམས་འཁོལ་པོས་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་བོད་དུ་ཡུལ་སྐོར་ལ་ཡོང་རྒྱུའི་གདན་ཞུ་ཡང་བྱས་ཡོད་པ་རེད།

    ཟླ་5ཚེས་19ཉིན། “མཛེས་ཤིང་སྡུག་པའི་རི་ཀླུང་། སྤྲོ་སྣང་ལྡན་པའི་འགྲུལ་བཞུད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པའི་2025ལོའི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོ”ཞེས་པའི་བོད་ཀྱི་ཚོགས་ར་གཙོ་བོའི་རིམ་སྤེལ་བྱེད་སྒོ་ནོར་བུ་གླིང་གའི་མཛེས་ལྗོངས་ཁུལ་དུ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་སྤེལ་ཡུལ་དུ་སྒྲིག་འཛུགས་ཞིབ་ཚགས་བྱས་པའི་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་འོས་སྦྱོར་ལས་ཡུལ་སྐོར་བ་ཚོས་སྔ་སྣུར་ནས་བོད་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་མྱོང་རོལ་ཐུབ་པ་མ་ཟད། ད་དུང་དམངས་ཕན་སྲིད་ཇུས་ཡོངས་བསྒྲཌ་བྱས་ཏེ་ཡུལ་སྐོར་བར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཡང་བསྐྲུན་ཡོད། གསར་འགོད་པས་བྱེད་སྒོ་སྤེལ་ཡུལ་ནས་ཤེས་རྟོགས་བྱུང་བར། “ཀྲུང་གོའི་ཡུལ་སྐོར་ཉིན་མོའི”རིང་། རང་སྐྱོང་ལྗོངས་དང་གྲོང་ཁྱེར་དང་ས་གནས་ཁག་གི་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས“ཟས་སྡོད་སྐྱོད་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད། སློབ་སྦྱོང”བཅས་ཁག་བདུན་ལ་དམིགས་ཏེ་ཇུས་འགོད་ཞིབ་ཚགས་བྱས་པ་མ་ཟད། ད་དུང་རིག་གནས་ཡུལ་སྐོར་གྱི་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་ཡང་བཏོན་ཡོད་པ་རེད།

    2025ལོའི“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོ་བསུས་ཤིང་། རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་དང་དྲ་གྲོགས་ཚོས་ཐད་གཏོང་བརྙན་ལམ་བརྒྱུད། གནམ་མཚོའི་འཁྱགས་པ་རིམ་གྱིས་ཕྱེ་ནས་ཆུ་བོ་མཁའ་རུ་འཕྱོ་བའི་བརྗིད་ཉམས་རྣམ་པ་མངོན་པར་ཐུན་མོང་ཐོག་དཔང་པོ་བྱས་ཡོད་པ་རེད།

    འདི་ལོའི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོ”བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཡན་ལག་ཚོགས་ར་དེ་མེ་ཏོག་རྫོང་དུ་གཉེར་ཞིང་། ས་གནས་ས་ཐོག་ཏུ་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་བྱེད་སྒོའི་ནང“མཛེས་ཤིང་སྡུག་པའི་རི་ཀླུང་། སྤྲོ་སྣང་ལྡན་པའི་འགྲུལ་བཞུད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ས་གནས་དེ་གའི་མང་ཚོགས་ཚོར་ཏང་གི་འགོ་ཁྲིད་འོག མཐའ་མཚམས་ས་ཁུལ་བརྟན་སྲུང་དང་། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན། ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་པ། བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ་བཅས་ཀྱི་འཕེལ་རྒྱས་གྲུབ་འབྲས་དྲིལ་བསྒྲགས་བྱས་ཡོད། དེ་དང་ཆབས་ཅིག་ས་གནས་ས་ཐོག་ཏུ“མེ་ཏོག་རྫོང་ལ་དགའ་ཞེན་བྱེད། མཐའ་སྲུང་སྐོར་གཡེང་བྱེད་པར་སྐྱོད”ཅེས་པའི་ཡུལ་སྐོར་ལམ་ཐིག་ཡོངས་བསྒྲཌ་ཀྱང་བྱས་ཡོད། ཟླ་5ཚེས་19ཉིན་སྨན་གླིང་གྲོང་ཁྱེར་གྱིས་ལྷ་སར“གནས་ཡུལ་རོང་དུ་འཚོལ་ཞིབ་བྱེད་པར་བསྐྱོད། བོད་ལུགས་གསོ་རིག་གི་གསང་བ་དཀྲོལ”ཞེས་པའི་ཤིང་པདྨ་སེར་པོའི་བོད་ལུགས་གསོ་རིག་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འོས་སྦྱོར་ཚོགས་འདུ་སྐབས་བཅུ་བདུན་པ་འཚོགས་པ་རེད། དེའི་ནང་སྨན་གླིང་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་མངོན་པ་མ་ཟད། ད་དུང་ལྷོ་པའི་ཁྱད་ལྡན་དང་ཀོང་པོའི་ཁྱད་ལྡན་གྱི་གླུ་གར་འཁྲབ་སྟོན་དང་བོད་ཀྱི་གསོ་བ་རིག་པའི་ནད་བརྟག་སྨན་བཅོས་ཀྱི་བྱེད་སྒོ་ཡང་སྤེལ་ནས་གྲོང་མི་དང་ཡུལ་སྐོར་བ་མང་པོ་དེ་གར་ལྟ་བ་དང་ཉམས་ལེན་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

    ཟླ་5ཚེས་19ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་གྱིས“མཛེས་ཤིང་སྡུག་པའི་རི་ཀླུང་། སྤྲོ་སྣང་ལྡན་པའི་འགྲུལ་བཞུད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”བྱེད་སྒོ་སྤེལ་བ་རེད། འགོ་ཚུགས་མཛད་སྒོའི་ཐོག ཆབ་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྤྱི་དམངས་ལ་2025ལོ་འཁོར་གྱི“གསར་བརྗེའི་ཆབ་མདོ། བོད་ཤར་མུ་ཏིག”གི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཇུས་འགོད་བྱས་པ་མ་ཟད། བྱེད་སྒོའི་ནང་ཞུགས་མཁན་ཚོར་ཆབ་མདོ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་གི་ཡུལ་སྐོར་རིག་གནས་བསམ་བཀོད་ཀྱི་ལག་རྟགས་སྤྲད་དེ་ཡུལ་སྐོར་བ་ཚོས་ཆབ་མདོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་ཉམས་སུ་མྱོང་བ་བྱས་པ་རེད།

    ཟླ་5ཚེས་19ཉིན། མངའ་རིས་ས་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས་རྩྭ་མདའ་རྫོང་རིག་གནས་ཡུལ་སྐོར་ཅུས་དང་མཉམ་དུ་ཇུས་འགོད་ཞིབ་ཚགས་བྱས་པ་མ་ཟད་རིམ་སྤེལ་བྱེད་སྒོ་ཡང་སྤེལ་ནས། མངོན་མིན་རིག་གནས་ཤུལ་བཞག་མཛེས་ལྗོངས་ཁུལ་ནང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཡུལ་སྐོར་བ་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོར་ཐུན་མོང་མ་ཡིན་པའི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཉམས་ལེན་ཐུབ་པ་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོའི་ནང་རྩྭ་མདའ་རྫོང་གི་གུ་གེའི་རིག་གནས་གནའ་ཤུལ་སྤྱི་གླིང་གི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་ལྡན་ཚད་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས། སྣ་མང་ཅན་གྱི་བྱེད་སྒོའི་ནང་དོན་བརྒྱུད་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་རིག་གནས་ཀྱི་ནང་དོན་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་སུ་བཏང་བ་རེད།

    ཟླ་5ཚེས་19ཉིན། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གྲུམ་པ་གཡུ་མཚོའི་མཛེས་ལྗོངས་ཁུལ་དུ་ཧ་ཅང་འཁྲུག་ཆ་དོད་ཅིང་། རིག་གནས་དམངས་ཕན་དང་འོས་སྦྱོར་བྱེད་སྒོ་དེ་གར་འགོ་ཚུགས་པ་རེད། བྱེད་སྒོའི་ནང་ཁང་དམར་རྫོང་གི“ལྗང་མདོག་སྐྱེ་ཁམས་དང་། གསེར་མདོག་ཐོན་ལས། གསར་བརྗེའི་རིག་གནས། དངུལ་མདོག་འཁྱགས་རོམ། སྔོན་མདོག་བླ་མཚོ། གནའ་རབས་ཀྱི་ཁྱད་ལྡན་གནའ་ཤུལ”བཅས་ཡིད་དབང་འཕྲོག་ཤུགས་དྲུག་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཉམས་འགྱུར་གསར་པ་ཕྱོགས་ཡོངས་ནས་མངོན་ཏེ། ཡུལ་སྐོར་བ་ཚོར་མཐོང་ཚོར་དང་ཤེས་ཚོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།