དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཁམ་བུའི་མེ་ཏོག་གིས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་ཀྱི་གསོན་ཤུགས་འཕེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  དཔལ་འབྱོར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧོ་ཅན་མིང་།   |     སྤེལ་དུས།  2025-05-16

    བོད་ལྗོངས་ཉིང་ཁྲིའི་སྨན་གླིང་གྲོང་ཁྱེར་བཀྲ་ཤིས་རབ་བརྟན་ཤང་ཚལ་མི་གྲོང་ཚོར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ནས་ཡུལ་སྐོར་བའི་ཡིད་དབང་ཅིག་ཅར་དུ་འཕྲོག

    ཁམ་བུའི་མེ་ཏོག་ལ་ལྟ་མཁན་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་ཚལ་མི་གྲོང་ཚོའི་གྲོང་མི་ཕུར་བུ་བཀྲ་ཤིས་ཀྱིས་ཁྱིམ་ཚང་གི་ཁང་མིག་དྲུག་དམངས་སྲོལ་གནས་ཚང་དུ་སྒྱུར་བཀོད་བྱས་ཤིང་། “ཡུལ་སྐོར་བ་མང་བའི་དུས་སུ་ཟླ་རེར་ཡོང་འབབ་སྒོར་ཁྲི་2རག་གི་འདུག ན་ནིང་སྒོར་ཁྲི་15རག་གི་འདུག”ཅེས་ཕུར་བུ་བཀྲ་ཤིས་ཀྱིས་བཤད། གྲོང་མི་དབྱངས་ཅན་གྱིས་ཞིང་དལ་སྐབས་སུ་གྲོང་ཚོའི་ནང་གི་མིན་ཧྲན·ཚའེ་མན་དམངས་སྲོལ་གནས་ཚང་དུ་ཞབས་ཞུ་བ་བྱེད་ཀྱི་ཡོད། ཕུར་བུ་བཀྲ་ཤིས་ཀྱི་དམངས་སྲོལ་གནས་ཚང་གི་ཚོང་ཡག་པོ་ཡོད་པ་མཐོང་སྐབས་ཁོ་མོར་ཡང་དམངས་སྲོལ་གནས་ཚང་བཙུགས་ནས་སྦྱིན་བདག་བྱ་རྒྱུའི་བསམ་བློ་འཁོར། “ཡུལ་སྐོར་བ་ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་བཞིན་ཡོད། སྐུ་མགྲོན་ལ་སྣེ་ལེན་ཞུ་བ་དང་མགྲོན་ཁང་ལ་གཙང་སྦྲ་བྱེད་པའི་ལས་ཀ་དེ་དག་ངས་བྱེད་མྱོང་བས། ང་ལ་དམངས་སྲོལ་གནས་ཚང་ཡག་པོ་ཞིག་གཉེར་ཐུབ་པའི་གདེང་ཚོད་ཡོད”ཅེས་དབྱངས་ཅན་གྱིས་བཤད།

    “སྐྱེ་ཁམས་ཡག་པོ་ནི་ནོར་བུ་དགོས་འདོད་ཀུན་འབྱུང་དང་འདྲ”ཚལ་མི་གྲོང་ཚོའི་གྲོང་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་འཛིན་ཡེ་ཤེས་ཀྱིས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཚལ་མི་གྲོང་ཚོས་ཐོག་མཐའ་བར་གསུམ་དུ“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོར་བསྲུངས་ཡོད། “སྐྱེ་ཁམས་སྐར་བསགས”ལམ་ལུགས་ལག་བསྟར་བྱས་པར་བརྟེན་གྲོང་མིས་རང་འགུལ་ངང་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་པ་དང་། མང་ཚོགས་ལ་ཁང་པའི་རྒྱབ་མདུན་དུ་ཤིང་སྡོང་ཁྲེ་ལི་ཙི་འདེབས་དགོས་པའི་འབོད་སྐུལ་བྱས་པས་ཁོར་ཡུག་མཛེས་སུ་ཕྱིན་པ་མ་ཟད། སྒོ་རའི་དཔལ་འབྱོར་ཡང་འཕེལ་རྒྱས་ཕྱིན་པ་དང་། ཨ་བི་ཁ་བཏབ་ནས་ཞིང་ལས་ཐོན་ལས་ཀྱི་འཁོར་འབྲེལ་རྒྱ་ཆེར་བཏང་བ་ལ་སོགས་བྱེད་ཐབས་རབ་དང་རིམ་པ་སྤྱད་པར་བརྟེན“སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང”བཅས་ཀྱི་འཁོར་སྐྱོད་བཟང་པོ་མངོན་འགྱུར་བྱུང་ཡོད་ཅེས་བཤད། “2024ལོར་ཚལ་མི་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་600ལྷག་ཙམ་ཟིན་པ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.84ཟིན་ཡོད”ཚལ་མི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མིག་དམར་གྱིས་སྐྱེ་ཁམས་ཐོན་ཁུངས་དང་ཁྱད་ལྡན་ཐོན་ལས་མཐུད་མཚམས་ཡང་དག་འཚོལ་ཐུབ་ཚེ་ས་མཐོའི་ཐག་རིང་གྲོང་ཚོ་ཡང་གྲོང་གསེབ་དར་རྒྱས་ཁྲོད་འོད་མདངས་འཕྲོ་ཐུབ་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།