དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྲིད་ཇུས་ཀྱི་ཁེ་འབབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་བ།

    ལྷོ་ཁ་གྲོང་ཁྱེར་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-13

    སྲིད་དོན་ཞབས་ཞུའི“མྱུར་ཚད་མགྱོགས་གཏོང”ནས་དངུལ་རྩའི་ཞབས་ཞུས“དཀའ་གནད་སེལ་བའི”བར་དང་། ཁྲལ་གྲོན་གཟིགས་སྐྱོང་གི“དུས་ཐོག་ཆར་པ”ནས་ཤེས་ལྡན་པ་གསོ་སྐྱོང་གི“འདེགས་སྐྱོར་ཆེན་པོའི”བར། སྒེར་གཉེར་དུད་ཚང་ནས་སྣེ་འདྲེན་ཁེ་ལས་བར། སྲིད་དོན་ཞབས་ཞུ་ནས་ཁྲིམས་སྐྱོང་འགན་སྲུང་བར་བཅས་ལ་ལྷོ་ཁ་གྲོང་ཁྱེར་གྱིས“བྱ་ཐབས་དངོས”རབ་དང་རིམ་པ་སྤྱད་དེ་དམངས་གཉེར་ཁེ་ལས་ཀྱི་དཀའ་གནད་སེལ་བ་དང་གདེང་ཚོད་ཆེ་རུ་བཏང་སྟེ། “འབེན་གཏད་ཤུགས་འདོན”གྱི་སྤྱོད་ཚུལ་ཐོག་ནས་སྲིད་ཇུས་ཀྱི་ཁེ་འབབ་དེ་ཁེ་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་ཡོད།

    སྲིད་དོན་ཞབས་ཞུའི“མྱུར་ཚད་མགྱོགས་པ”

    ལྷོ་ཁ་གྲོང་ཁྱེར་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་སྐར་ཁུང་དུ་ཚོང་པ་སྒྲོལ་དཀར་གྱིས་འབྲེལ་ཡོད་དཔྱད་གཞི་ཁྱེར་ནས་ཚོང་གཉེར་ལག་ཁྱེར་གཉེར་བར་ཡོང་། སྔོན་ཆད་ལག་ཁྱེར་གཉེར་བར་ཕར་རྒྱུག་ཚུར་རྒྱུག་ཐེངས་མང་བྱེད་དགོས་ལ་ཉིན་གསུམ་བཞི་སྒུག་དགོས་ཀྱི་ཡོད་མོད། འོན་ཀྱང་ད་ཆ་སྐར་ཁུང་གི་ལས་སྒྲུབ་པ་ལི་ནེང་ཁྲའོ་ཡིས་སྐར་མ་15ལས་མ་འགོར་བར་ཁོང་ལ་འགྲོ་ལུགས་ཚང་མ་གཉེར་རོགས་བྱས་ཡོད།

    ལྷུན་རྩེ་རྫོང་དུ། ཚེ་རིང་གཡང་འཛོམས་ཀྱིས་སྒེར་གྱི་རིག་ནུས་ཞིབ་བཤེར་ཆོག་མཆན་གཞི་གཅིག་གི་འཕྲུལ་འཁོར་དང་པོ་དེ་བརྒྱུད་རང་བརྟེན་གྱིས་ལས་གཉེར་ལག་ཁྱེར་གཉེར་ཞིང་། འཕྲུལ་འཁོར་ནང་ཐོབ་ཐང་ལག་ཁྱེར་བླུག་པ་དང་། ངོ་རིས་བཤེར་བ། མ་ལག་ནས་ཞིབ་བཤེར་བཅས་ཐེངས་གཅིག་ལ་ཚང་མ་སྒྲུབ་ཚར་བ་མ་ཟད་བརྒྱུད་རིམ་ཧྲིལ་པོར་ཤོག་བུའི་དཔྱད་གཞི་དགོས་ཀྱི་མེད། ལྷུན་རྩེ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཅུས་ཀྲང་གཞོན་པ་མིག་དམར་མཚོ་མོས། ཐག་རིང་ཤང་དང་གྲོང་རྡལ་དུའང་སྒོ་རྩར་ལག་ཁྱེར་གཉེར་བའི་ཞབས་ཞུ་ལོངས་སུ་སྤྱོད་ཆོག་པས“མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་དང་གྲངས་གཞིས་འགྲོ་ལུགས་ཕལ་ཆེར་གཉེར་བ”དངོས་སུ་མངོན་འགྱུར་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

    ཁྲལ་གྲོན་གཟིཌ་སྐྱོང་གི“དུས་ཐོག་ཆར་པ”

    མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དྭངས་ར་གཡུ་མཚོ་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཕྱིར་འཚོང་ཆེད་ལས་མཉམ་ལས་ཁང་ནས་མར་དང་ཕྱུར་བའི་དྲི་ཞིམ་འཐུལ་བཞིན་མཆིས། མཉམ་ལས་ཁང་གི་འགན་འཁུར་བ་བཀྲ་ཤིས་རྒྱལ་མཚན་གྱིས། སྔོན་ཆད་ཞིང་དུད་ཀྱིས་ཁ་ཐོར་གཉེར་སྐྱོང་བྱས་པས་ཕན་འབྲས་ཆེན་པོ་དེ་ཙམ་མེད། མཉམ་ལས་ཁང་བཙུགས་རྗེས་ཁྲལ་དོན་སྡེ་ཚན་གྱིས་རང་འགུལ་ངང་སྒོ་རྩར་སྲིད་ཇུས་སྒྲོག་འགྲེལ་བྱེད་པར་ཡོང་བ་དང་། “‘ཐོན་ལས་གཅིག་ལ་གསལ་ཐོ་གཅིག་དང་། ཁེ་ལས་གཅིག་ལ་བདག་པོ་གཅིག’གི་ཞབས་ཞུ་སྒྲུབ་སྟངས་དེས་ང་ཚོར་ཞིང་ལས་དང་འབྲེལ་བ་ཡོད་པའི་ཁྲལ་གྲོན་གཟིགས་སྐྱོང་འཕྲལ་མར་ལོངས་སུ་སྤྱོད་རྒྱུ་བྱུང”ཞེས་དང་། མཉམ་ལས་ཁང་གི་ཁྲལ་གྲོན་རྩ་ཆག་དང་ཆག་ཡང་ཐོབ་པ་མ་ཟད། ད་དུང“ཡར་ཀླུང་eདཔྱ་ཁྲལ”གྱི་སྟེགས་བུ་བརྒྱུད་དྲ་ཐོག་ལས་སྒོ་གཉེར་བས་དུས་ཚོད་གྲོན་ཆུང་དང་སྟབས་བདེ་རུ་ཕྱིན་སོང་ཞེས་བཤད།

    ལྷུན་རྩེ་རྫོང་ཡུལ་སྨད་ཚད་ལྡན་ཅན་གསོ་སྤེལ་རྟེན་གཞིར་སྐྱོད་སྐབས་བོད་ཕག་གི་ཕག་ཕྲུག་གསུམ་བཞི་ཙམ་མཉམ་དུ་རུབ་ནས་ཕག་ལྟོ་འཕྲོག་རེས་བྱེད་བཞིན་འདུག ཕག་ཕྲུག་དེ་དག་ནི་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པའི་ནོར་བུ་ལྟ་བུ་རེད།

    དངུལ་རྩའི་ཞབས་ཞུས“དཀའ་གནད་བསལ་བ”

    ལྷོ་ཁ་གྲོང་ཁྱེར་གྱིས“ཧང་ཀྲང་གིས་ཁྲང་ཀྲང་ལ་ཉེ་བཅར་བྱེད་པའི”དངུལ་རྩའི་བློ་འདྲིའི་བྱེད་སྒོ་གསར་གཏོད་ངང་སྤེལ་ཞིང་། ཞིང་ལས་དངུལ་ཁང་ལྷོ་ཁ་ཡན་ལག་དངུལ་ཁང་གི་ཀུན་ཕན་རྣམ་པའི་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་འཕར་ཚད་36.11%ཟིན་ཡོད། 2024ལོ་ཚུན་དུ། དངུལ་ཁང་དེས“ཁྲལ་འཇལ་eདངུལ་བུན”དང“གཏའ་འཇོག་eདངུལ་བུན”སོགས་དྲ་ཐོག་ཐོན་རྫས་བརྒྱུད་ཁྱོན་བསྡོམས་དངུལ་བུན་སྒོར་དུང་ཕྱུར་6.37སྤྲད་པ་དེ་ལས་ཁེ་ལས་ཆུང་གྲས་དང་ཕྲན་ཚེགས་ཁེ་ལས་1794ལ་ཕན་པ་ཐོབ་ཡོད། ལྕགས་རིགས་ཚོང་ཁང་ཞིག་གི་སྦྱིན་བདག་མཱ་ཤའོ་ལུའུ་མཱ་ཡིས། “སྔོན་ཆད་དངུལ་བུན་གཡར་ཁག་པོ་ཡོད། འོན་ཀྱང་ད་ཆ་དངུལ་ཁང་གིས་རང་འགུལ་ངང་སྒོ་རྩར་ཡོང་ནས་དངུལ་བུན་བཏང་བས་མ་དངུལ་འཁོར་རྒྱུག་གི་དཀའ་ངལ་ཐག་གཅོད་ཐུབ་སོང”ཞེས་བཤད།

    ཤེས་ལྡན་པ་དང་ཁྲིམས་སྐྱོང་གི“འདེགས་སྐྱོར་གཉིས་ལྡན”

    ལྷོ་ཁ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བ”དང“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་དང་མཉམ་འབྲེལ་བྱེད་པའི”བྱ་སྤྱོད་བརྒྱུད། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ལས་གནས་3100གསར་སྤེལ་བྱས་པ་དང་མཐོ་སློབ་སློབ་ཐོན་སློབ་མ་80ལས་ཀར་བཅུག་ཡོད། དེ་དང་ཆབས་ཅིག་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ཚོམས་ཆེན་དུ་རྒན་རྒོན་གྱི“ཐོགས་མེད་འགྲོ་ལམ”བཙུགས་ནས་སྒོ་རྩར་བསྐྱོད་དེ་སྤྱི་ཚོགས་འགན་སྲུང་གཱ་200ལྷག་ཙམ་སྤྲད་པ་མ་ཟད། གླ་ཕོགས་འགྱངས་ཆད་རྩ་བཅོས་ཀྱི་ཁེ་དབང་སྲུང་སྐྱོང་གི་རྩ་གཉིས་ཨང་རྟགས་བཏོན་པར་ངལ་རྩོལ་པས་ཨང་རྟགས་བཤེར་ནས་ཞུ་གཏུག་བྱེད་ཆོག་གི་ཡོད།

    ཁྲིམས་སྐྱོང་ཁོར་ཡུག་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་འདྲ་མཉམ་མེད་པ་དང་ལས་བསྡུ་རྫུན་མ་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་དང་། Aརིམ་པའི་ཁྲིམས་སྲུང་ཁ་དན་ཚིག་གནས་ཀྱི་ཁེ་ལས་12ཞིབ་དཔྱད་གཏན་འཁེལ་བྱས་པ། བསྐྱར་ཟློས་སུ་བླངས་པའི་རྒན་གསོའི་ཐོབ་ཐང་དངུལ་སྒོར་ཁྲི་5.15འདེད་ལེན་བྱས་ནས་དྲང་གཞག་དྭངས་གསལ་གྱི་ཁྲོམ་རའི་ཁོར་ཡུག་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།