དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དགུ་པ་ཟླ་6ཚེས་18ཉིན་འགོ་ཚུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-13

    ཉིན་ཤས་གོང་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དགུ་པ་ཟླ་6ཚེས་18ཉིན་འགོ་ཚུགས་ནས་ཟླ་6ཚེས་25ཉིན་མཇུག་འགྲིལ་རྒྱུ་རེད། དེའི་རིང་རིག་རྩལ་འཁྲབ་སྟོན་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། དེ་བཞིན་འབྲེལ་ཡོད་རིག་གནས་ཡུལ་སྐོར་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས“ཇོ་མོ་གླང་མའི་ཕ་ཡུལ། སྒོ་མོ་འབྱེད་པའི་གཞིས་རྩེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། དགའ་བསུ་ཞུ་བའི་སྣེ་ལེན་ཚོགས་འདུ་དང་། འགོ་ཚུགས་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན། ཇོ་མོ་གླང་མའི་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་དང་འགྲེམས་འཚོང་བྱེད་སྒོ ཕྱི་ཕྱོགས་སྒོ་དབྱེའི་སྤེལ་རེས་སོགས་རིགས་ཆེ་གྲས་བདུན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཁག་14དང་། དེ་བཞིན་ཚོང་འགུགས་མ་འདྲེན་དང་རིག་གནས་ཡུལ་སྐོར་ངོ་སྤྲོད་དང་། གཅིག་སྡུད་ངང་རྣམ་གྲངས་གན་འཇོག སྲོལ་རྒྱུན་གྱི་མདའ་འཕེན། ཇོ་མོ་གླང་མའི་གཉེན་སྒྲིག་མཛད་སྒོ ཞིམ་ཟས་དང་རོལ་དབྱངས། གནམ་གྲུ་གཙང་གླས་བྱས་ནས་ཇོ་མོ་གླང་མར་ལྟ་བ། ཨེ་ཤེ་ཡ་ལྷོ་མའི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་སོགས་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་འགྲན་བསྡུར་གྱི་བྱེད་སྒོ་གཞན་དག་བཀོད་སྒྲིག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།