དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གིས།

    ནགས་དཔོན་དང་ཆེད་བསྐོས་ནགས་སྲུང་བར་གཅིག་སྡུད་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-05-06

    འདི་ནི་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་དུ་གཉེར་བའི་2025ལོའི་ལོ་འཁོར་གྱི་ནགས་དཔོན་ལམ་ལུགས་ལས་དོན་དང་ཆེད་བསྐོས་ནགས་སྲུང་བའི་ལས་སྒོ་གསོ་སྦྱོང་བྱ་ཡུལ་དུ་ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རིགས་གཅིག་མཁས་ཅན་གྱིས་སློབ་མར་ཡལ་གཅོད་རྒྱག་སྟངས་སློབ་བཞིན་པ།

    ཉེ་ཆར། འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གིས་2025ལོའི་ལོ་འཁོར་གྱི་ནགས་དཔོན་ལམ་ལུགས་ལས་དོན་དང་ཆེད་བསྐོས་ནགས་སྲུང་བའི་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ། ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ས་གནས་ས་ཐོག་ཏུ་སློབ་ཁྲིད་དང་མཛུབ་ཁྲིད་བྱས་པ་རེད།

    ད་ཐེངས་གསོ་སྦྱོང་ནང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང“རི་བོ་གཉིས”ཀྱི་འདུ་ཤེས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གཙོ་གནད་ཐོག་ནགས་ལས་ཀྱི་སྲིད་ཇུས་ཁྲིམས་སྲོལ་དང་། ནགས་སྲུང་བའི་ལས་ཀའི་འགན་འཁྲི། ནགས་ཚལ་གྱི་ནད་འབུའི་གནོད་པ་དབྱེ་འབྱེད་དང་ཚོད་འཛིན། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་། སྡོང་ཕྲུག་སྐྱེ་འཚར་དོ་དམ་སྲུང་སྐྱོང་། ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་བདེ་འཇགས་མེ་གསོད་སོགས་ཀྱི་ནང་དོན་ལ་དམིགས་ནས་གསོ་སྦྱོང་བྱས་ཡོད། སློབ་ཁྲིད་བྱེད་མཁན་རིགས་གཅིག་མཁས་ཅན་གྱིས་ད་དུང་སློབ་མ་ནགས་ཁུལ་གྱི་གཞུང་ལམ་ལམ་རྒྱུད་དུ་ཁྲིད་ནས་སྡོང་ཕྲུག་སྐྱེ་འཚར་གྱི་གཡོག་བྱེད་ལས་སྒྲུབ་བྱས་ནས། ས་གནས་ས་ཐོག་ཏུ་ཤིང་སྡོང་ལ་ཡལ་གཅོད་དང་། སྡོང་ཕྲུག་ལ་སྦྱར་ག་རྒྱག་པ། ས་སྐྱོར་རྒྱག་པ། ནད་འབུའི་གནོད་འཚེ་དབྱེ་འབྱེད་དང་སྔོན་འགོག་སོགས་ཀྱི་ལག་རྩལ་བསླབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།