དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ཀྱི་པར་རྒྱག་མཁན་གྱིས་ཕྱི་རོལ་ནས་རྩ་ཆེའི་སྲོག་ཆགས་གསའ་པར་ལེན་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-25

    ཉེ་ཆར་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གསར་འགོད་པ་བསོད་ནམས་རིན་ཆེན་གྱིས་སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་གཡུ་ཐོག་གྲོང་ཚོའི་ཉེ་འགྲམ་གྱི་བྲག་རིར་ཉིན་ཤས་སྒུག་སྡོད་དང་འཚོལ་སྙེགས་བྱས་རྗེས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གསའ་པར་ལེན་ཐུབ་ཡོད། གསའ་ཡི་གཟུགས་བརྙན་མཐོང་བ་ལས་ཡུལ་དེའི་སྐྱེ་དངོས་སྣ་མང་རང་བཞིན་ཞིབ་འཇུག་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།

    པར་འདི་གཉིས་ནི་བོད་ལྗོངས་མངའ་རིས་སྒེར་རྩེ་རྫོང་སྒེར་རྩེ་གྲོང་རྡལ་གཡུ་ཐོག་གྲོང་ཚོའི་ཉེ་འགྲམ་གྱི་བྲག་རི་ནས་པར་བརྒྱབ་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གསའ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།