དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དམའ་དབྱིངས་དཔལ་འབྱོར་གྱིས་ས་མཐོའི་རིག་གནས་ཡུལ་སྐོར་ལ་སྒུལ་ཤུགས་གསར་པ་བསྣན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-04-20

    ཉིན་ཤས་བསྟུད་མར། བོད་ལྗོངས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཉིས་པའི་ཚོགས་ར་གཙོ་བོར་མི་ཚོགས་ཀྱིས་ཁེངས་པ་དང་མི་མེད་གནམ་གྲུ་ཁམ་བུའི་དུས་ཆེན་གྱི་བཀྲག་མདངས་འཚེར་ཤོས་ཀྱི་ཚན་རྩལ་གྱི་ཡུལ་ལྗོངས་སུ་གྱུར་ཡོད། གསར་འགོད་པས་ཤེས་རྟོགས་བྱས་པར། དེ་ནི་དབྱི་ཧང་ཁེ་ལས་ནས་རྒྱལ་ཡོངས་ཀྱི་དམངས་སྤྱོད་ཁ་ལོ་བ་མེད་པའི་མི་ཞུགས་མཁའ་འགྲུལ་འཕྲུལ་ཆས་ཀྱི་གཉེར་སྐྱོང་ལག་ཁྱེར་ཐོག་མ་རག་རྗེས་EH216—Sཁ་ལོ་བ་མེད་པའི་མི་ཞུགས་མཁའ་འགྲུལ་འཕྲུལ་ཆས་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་གྱི་ས་མཐོར་སྤྱོད་ཐེངས་ཐོག་མ་ཡིན་པ་རེད།

    སྐབས་འདིའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་བྱེད་སྒོ་སྤེལ་སར་གསར་འགོད་པས་དམའ་དབྱིངས་དཔལ་འབྱོར་དེ་རིག་གནས་དང་ཡུལ་སྐོར་ཐོན་ལས་དང་མཉམ་འདྲེས་གཏིང་ཟབ་ཐུབ་སྟེ་ཡུལ་སྐོར་བས་ཚན་རྩལ་གྱི་ཚོར་སྣང་དང་སྟབས་བདེའི་རང་བཞིན་གྱི་ཡུལ་སྐོར་རྣམ་པ་མྱོང་རོལ་ཐུབ་པ་མཐོང་ཡོད། ཁམ་བུའི་མེ་ཏོག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་དགོང་མོ་མི་མེད་གནམ་གྲུ་མཁའ་དབྱིངས་སུ་འཕུར་ནས་གློག་སྒྲོན་ངོམ་སྟོན་བྱས་པར་ས་གནས་ས་ཐོག་ཏུ་ཡོད་པའི་ལྟད་མོ་བ་ཁྲི་2ཡན་དང་དྲ་ཐོག་ནས་ལྟ་མཁན་ལྟ་མོ་བ་ཁྲི་190ཡན་ལ་མིག་གིས་སྟོན་མོ་བཤམས་ཡོད།

    ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོ་དང་རྡོ་ཐང་གྲོང་ཚོ་སོགས་ཁམ་བུའི་མེ་ཏོག་གི་བྱེད་སྒོ་སྤེལ་སར་གསར་འགོད་པས་མཁའ་དབྱིངས་སུ་འཕུར་བའི་མི་མེད་གནམ་གྲུས་བྱེད་སྒོའི་གནས་ཚུལ་ཡང་ཡང་པར་ལེན་བྱེད་པ་མཐོང་། ལེ་ལག་ཚང་བའི་སྒྲིག་ཆས་སྣ་ཚོགས་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་བརྒྱུད“སྤྲིན་རུམ་པར་རྒྱག་པ”གངས་ལྗོངས་ས་མཐོར་དར་ཁྱབ་ཆེན་པོ་བྱུང་ཡོད། “ང་དང་གྲོགས་པོས་མི་མེད་གནམ་གྲུ་སྤྱོད་ཤེས་ཀྱི་མེད། རླངས་འཁོར་མེད་ན་འཁྱེར་ཁག་པོ་འདུག ད་ཆ་མཛེས་ལྗོངས་ཁུལ་ནས་མི་མེད་གནམ་གྲུ་མཁོ་འདོན་བྱས་པས་ང་ཚོས་པར་རྒྱག་པའི་དགའ་སྣང་གསར་པ་རྙེད་བྱུང”ཅེས་པེ་ཅིང་ནས་ཡིན་པའི་ཡུལ་སྐོར་བ་ཐང་ལགས་ཀྱིས་བཤད།

    (2025ལོའི་ཟླ་4ཚེས་7ཉིན་གྱི《འོད་ཟེར་ཉིན་རེའི་ཚགས་པར》གྱི་པར་ངོས་བཅུ་པ་ལས་དྲངས)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།