དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་ཉིང་ཁྲི་གྲོང་ཁྱེར་ལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1.5བྱུང་བ།
ཉེ་ཆར། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར། འདི་ལོའི་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་ཉིང་ཁྲི་གྲོང་ཁྱེར་གྱིས“ཁམ་བུའི་མེ་ཏོག་IP”བརྒྱུད་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་20.86ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1.5བྱུང་བ་དེ་དུས་མཚུངས་ལས་20.58%དང་37.62%སོ་སོར་འཕར་ཡོད།
ཟླ་4ཚེས་3ཉིན་གྱི་དགོང་མོར། ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཉིས་པ་འགོ་ཚུགས་པ་དང་གཙོ་གཉེར་ཕྱོགས་ཀྱིས་བཀོད་སྒྲིག་ཞིབ་ཚགས་བྱས་པའི“ཁམ་བུའི་མེ་ཏོག་+”ཀྱི་བྱེད་སྒོ་གཟབ་རྒྱས་ལ་ཡུལ་སྐོར་བའི་གདེང་འཇོག་བཟང་པོ་ཐོབ་ཡོད།