དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་གིས།

    གཞི་རྟེན་གསར་གཏོད་བྱས་ནས“ཡུལ་སྐོར་གྱི་རྫོང་གྲགས་ཅན”འཛུགས་གཏོད་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-04-07

    འདི་ལོ་ཚུན་དུ། མེ་ཏོག་རྫོང་གིས“ཡུལ་སྐོར་གྱི་རྫོང་གྲགས་ཅན”འཛུགས་གཏོད་ལ་སྐུལ་འདེད་གཏོང་བར་དམིགས་ནས“མེ་ཏོག་གིས་ཁྱེད་ལ་རོགས་རམ་བྱེད”ཅེས་པའི་ལག་ལེན་བྱེད་སྒོ་ལག་བསྟར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་རྣམས“ཞབས་ཞུ་བ”དང་། “འཆད་འགྲེལ་པ” “འགན་སྲུང་བ” “འོས་སྦྱོར་པ”བཅས་ཡག་པོ་བྱེད་པར་ཁྲིད་སྟོན་དང་། སྣ་མང་མཉམ་འདྲེས་ཀྱི་འཕེལ་རྒྱས་གཏོང་སྟངས་གསར་གཏོད། དང་བླངས་ཞབས་ཞུ་དང་རྫོང་ཁོངས་ཀྱི་མཚན་སྙན་མཐོ་རུ་གཏོང་བའི་ནང་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རང་འགུལ་ངང་ཞུགས་པར་སྐུལ་ལྕག་གཏོང་བ་བཅས་བྱས་ཏེ། མེ་ཏོག་རྫོང་གིས“ཡུལ་སྐོར་གྱི་རྫོང་གྲགས་ཅན་དང་མཛེས་པའི་མཐའ་མཚམས་གྲོང་ཁྱེར”གཏོད་པར་རམ་འདེགས་བྱས་ཡོད།

    ཏང་ཡོན་གྱི་དཔུང་ཁག་སྟོབས་ཆེར་བཏང་ནས“ཞབས་ཞུ་བ”ཡག་པོ་བྱས་ཤིང་། “ཡུལ་སྐོར་གྱི་རྫོང་གྲགས་ཅན”འཛུགས་གཏོད་ལས་དོན་ཁྲོད་ཏང་རྩ་འཛུགས་དང་ཏང་ཡོན་གྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ། ཡུལ་སྐོར་གྱི་རྫོང་གྲགས་ཅན་འཛུགས་གཏོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པར་བྱས་ཡོད།

    འདི་ལོ་ཚུན་དུ་མེ་ཏོག་རྫོང་གིས“ལས་ཁུངས་ཀྱི་ཏང་རྩ་འཛུགས་དང་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཟུང་འབྲེལ་བྱེད་པ”དང“ལས་རིགས་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས”ཆ་སྒྲིག་གི་ཞབས་ཞུའི་རྣམ་པ་སྤྱད་དེ། ཞབས་ཞུའི་རུ་ཁག་5བཙུགས་པར་བསྡོམས་མི་100ཡོད་པ་དང་། ཏང་ཡོན་གྱི“འབྱོར་ཐོ་གཉིས་འགོད”བྱེད་སྒོ་དང“ང་མེ་ཏོག་ལ་དགའ། མཛེས་པའི་ཁྱིམ་གཞིས”སོགས་ཀྱི་གཞི་རྟེན་ལ་བརྟེན་ཏེ། ཡུག་ཁུལ་དུ་ཞབས་ཞུའི་རུ་ཁག་བཙུགས་ནས་ཞབས་ཞུའི་བྱེད་སྒོ་ཐེངས་31སྤེལ་ཏེ་མང་ཚོགས་དང་ཡུལ་སྐོར་བའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་45ཐག་གཅོད་ནུས་ལྡན་བྱས་ཡོད།

    མཐའ་མཚམས་ཀྱི་སྐོར་སྐྱོད་ཉམས་ལེན་ལ་བརྟེན་ནས“འགྲེལ་བཤད་པ”ཡག་པོ་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི“མཉམ་ལྔ་བརྟན་ལྔའི”ལས་དོན་གྱི་བླང་བྱ་དང་མེ་ཏོག་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། མེ་ཏོག་གི་གསར་བརྗེའི་ཐོན་ཁུངས་སྤྱི་འདོམས་བྱས་ནས་བཅིངས་འགྲོལ་ཟམ་ཆེན་གྱི་རྒྱལ་གཅེས་མཐའ་སྟོབས་སློབ་གསོའི་རྟེན་གཞི་དང་། དགྱེ་གླིང་གྲོང་ཚོའི་ཕེའོ་མེའོ་ཇ་ཞིང་། གཏེར་ཀོང་གྲོང་ཚོའི་མཐའ་མཚམས་སྐོར་སྐྱོད་ས་ཚིགས་སོགས་བདམས་ནས“གནས་དྲུག་དང་ལམ་ཐིག་གསུམ”གྱི་གསར་བརྗེའི་མཐའ་མཚམས་སྐོར་སྐྱོད་ལམ་ཐིག་ཞིབ་ཚགས་བཟོས་ཏེ། ཡུལ་སྐོར་བ་གདོང་དམག་དང་མཐའ་མཚམས་སྐོར་སྐྱོད་པར་དངོས་སུ་འགྱུར་བར་བྱས་ནས་མཐའ་སྲུང་མཐའ་བརྟན་གྱི་བརྒྱུད་རིམ་ནང་ཞུགས་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་གསར་བརྗེའི་འགྲེལ་བཤད་པ་གསོ་སྦྱོང་ཐེངས་མང་བྱས་ནས་མེ་ཏོག་གི་གསར་བརྗེའི་གཏམ་རྒྱུད་འགྲེལ་བཤད་དང་། ཞིབ་འཇུག དྲིལ་བསྒྲགས་བཅས་ཡག་པོ་བྱེད་པའི་བྱང་ཚད་མཐོ་བའི་འགྲེལ་བཤད་དཔུང་ཁག་ཧུར་ཐག་བཏོད་ཡོད།

    སེམས་རྩ་འཁོལ་པོས་རོགས་རམ་བྱས་ནས“འགན་སྲུང་པ”ཡག་པོ་བྱས་ཤིང་། ཞབས་ཞུ་ནུས་ལྡན་ལ་བརྟེན་ནས་ཡུལ་སྐོར་བ་འགན་སྲུང་བྱེད་པ་དང་རྫོང་ཁོངས་ཀྱི་དོན་དངོས་ལ་དམིགས་ཏེ། དམག་སྡེ་གྲོང་ཚོ་དང་སྒོར་སྒོར་ཐང་མཛེས་ལྗོངས་ཁུལ་སོགས་ཡུལ་སྐོར་བ་མང་བའི་གལ་ཆེའི་གནས་སུ་ཏང་ཡོན་ཞབས་ཞུའི་ས་ཚིགས་ཁྱོན་7བཙུགས་པ་དང་། མེ་ཏོག་གྲོང་རྡལ་ཏུང་པོ་ལམ་སྡེ་ཁུལ་དུ“གཅེས་སེམས་རོགས་རམ་ས་ཚིགས”ཀྱི་ཞབས་ཞུའི་ས་ཚིགས་བཙུགས་ནས་དམངས་ལ་བྱ་བ་དངོས་སྒྲུབ་པའི་གྲོན་དངུལ་ལུགས་མཐུན་ངང་སྤྱད་དེ་ཡུལ་མི་དང་ཡུལ་སྐོར་བར་ཞབས་འདེགས་ཞུས་ནས་ཡུལ་སྐོར་བའི་དཀའ་ངལ་13བསལ་བ་མ་ཟད། ཡུལ་སྐོར་བར་ཞབས་ཞུ་དང་། དྲིལ་བསྒྲགས། སྤྱི་ཕན་བཅས་གཞི་གཅིག་ཏུ་འདུས་པའི་གསར་གཏོད་སྣ་མང་ཅན་གྱི་རིག་གནས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་མཁོ་འདོན་བྱས་ཏེ། མེ་ཏོག་རྫོང་དུ་ཡོང་མཁན་ཡུལ་སྐོར་བར་ཤ་ཚའི་རོགས་རམ་དང་གཞི་རིམ་ཏང་འཛུགས་སྐྱོང་གི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ཡུལ་སྐོར་བའི་གདེང་འཇོག་ཡག་པོ་ཐོབ་ཡོད།

    སྐབས་བསྟུན་ཞབས་འདེགས་ཞུས་ནས“འོས་སྦྱོར་པ”ཡག་པོ་བྱས་ཤིང་། ཞབས་ཞུའི་སྟབས་བདེའི་རང་བཞིན་དང་། ནུས་ཆེའི་རང་བཞིན། ཡོངས་བསྒྲགས་རང་བཞིན་བཅས་ལ་དམིགས་ནས་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ“དྲ་འཕྲིན་མེ་ཏོག”ཅེས་པའི་སྤྱི་རྟགས་ནས་དྲིལ་བསྒྲགས་བྱས་ཏེ་ཡུལ་སྐོར་བར་མེ་ཏོག་རྫོང་གི་གནམ་གཤིས་དྲོད་ཚད་དང་། རྫོང་ཡོངས་ཀྱི་མགྲོན་ཁང་དང་དམངས་སྲོལ་གནས་ཚང་གི་གནས་ཡུལ། འབྲེལ་གཏུག་ཁ་པར། ཞག་སྡོད་གནས་ཚུལ་སོགས་དུས་ཐོག་ལ་དྲན་སྐུལ་བྱས་ནས་ཡུལ་སྐོར་བར་ཡུལ་སྐོར་གྱི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་པར་སྟབས་བདེ་བསྐྲུན་ཡོད། འདི་ལོ་ཚུན་དུ། ཁྱོན་རིག་གནས་ལུས་རྩལ་བྱེད་སྒོ་ཐེངས་235སྤེལ་བར་དྲ་ཐོག་དང་དྲ་ཕྱི་ནས་ཡུལ་སྐོར་བ་དང་མང་ཚོགས་ལྟད་མོ་བ་མི་ཐེངས་ཁྲི་2.6ལྷག་ཙམ་ཟིན་པ་དང་། མེ་ཏོག་ཨ་མའི་མོན་ལྷོའི་གྱོན་ཆས་ཉམས་ལེན་ཁང་ཁྱབ་གདལ་ཤུགས་ཆེན་བཏང་བ་དང“གྱོན་ཆས”སྨྱན་བྱད་དུ་བྱས་ཏེ་མེ་ཏོག་གི་མོན་པ་དང་ལྷོ་པ་རིགས་ཀྱི་ཁྱད་ཆོས་ཕྱོགས་ཡོངས་ནས་ངོམ་སྟོན་ཞིབ་ཕྲ་བྱས་ཏེ། ཐག་རིང་ནས་ཡོང་བའི་ཡུལ་སྐོར་བར་མི་རིགས་རིག་གནས་ཀྱི་མཆོག་ནོར་ངོམ་པ་དང་ཡུལ་སྐོར་ལམ་བར་གྱི་མཛེས་སྡུག་རྣམ་པ་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།