དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • “མཛེས་པའི་མཚོ་སྔོན། སྐྱིད་པའི་བོད་ལྗོངས”ཞེས་པའི་ཆེད་གཏོང་མེ་འཁོར་ཉིང་ཁྲིར་བདེ་བླག་ངང་འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-03-31

    འདི་ནི་ཟླ་3ཚེས་26ཉིན། བོད་ལྗོངས་སུ་སྐྱོད་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་གྱི་ཞབས་ཞུ་བས་ཡུལ་སྐོར་བར་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

    ཟླ་3ཚེས་28ཉིན་གྱི་ཆུ་ཚོད་10པར། ཡུལ་སྐོར་བ་300ལྷག་ཙམ་བླུགས་པའི“མཛེས་པའི་མཚོ་སྔོན། སྐྱིད་པའི་བོད་ལྗོངས”ཞེས་པའི་ཆེད་གཏོང་མེ་འཁོར་ཉིང་ཁྲིར་བདེ་བླག་ངང་འབྱོར་ཞིང་། ཆེད་གཏོང་མེ་འཁོར་དེས་མཚོ་སྔོན་དང་བོད་ལྗོངས་དབར་གྱི་རིག་གནས་ཡུལ་སྐོར་མཉམ་ལས་ཟབ་ཏུ་བཏང་བ་མ་ཟད། ད་དུང་དེ་ནི་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་ལོ་19འཁོར་བ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་ཕུལ་བའི་ཕྱག་རྟགས་ཤིག་ཀྱང་རེད།

    ཕར་ཚུར་གྱི་ལམ་ཐག་ཁྱོན་བསྡོམས་སྤྱི་ལེ་4886ཡོད་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་དེ་ཟི་ལིང་བབས་ཚུགས་ནས་ཐོན་གྱི་ཡོད་པ་དང་། ལམ་རྒྱུད་དུ་ངོ་མཚར་ཆེ་བའི་བབས་ཚུགས་མང་པོ་ཇུས་འགོད་བྱས་ནས་ཡུལ་སྐོར་བར་ཐུན་མོང་མ་ཡིན་པའི་ཡུལ་སྐོར་གྱི་ཉམས་ལེན་ཐུབ་པར་བྱས་ཡོད།

    ཉིང་ཁྲིར་འབྱོར་རྗེས། ཡུལ་སྐོར་བ་རྣམས་ཡར་ཀླུང་གཙང་པོའི་རོང་ཆེན་དང་། ཀླུ་ནང་། ཀ་ལ་ཁམ་བུའི་མེ་ཏོག་གྲོང་ཚོ། བྲག་གསུམ་མཚོ་སོགས་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་དུ་བསྐྱོད་པ་རེད།

    འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོའི་ལོ་སྟོད་དུ“མཛེས་པའི་མཚོ་སྔོན། སྐྱིད་པའི་བོད་ལྗོངས”ཞེས་པའི་ཆེད་གཏོང་མེ་འཁོར་བསྟུད་མར་ཐེངས་14གཏོང་རྒྱུ་དང་འབྲེལ། ས་ཁོངས་དང་དུས་ཚིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་རང་སོ་སོའི་ཁྱད་ཆོས་ལྡན་པ་དང་མངགས་བཟོ་རྣམ་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐོན་རྫས་སྔར་བས་མང་བ་བཏོན་ཏེ། ཡུལ་སྐོར་བ་དེ་བས་མང་པོས་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་ཐུབ་པ་དང་། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ལ་གཞོགས་འདེགས་བྱ་རྒྱུ་མ་ཟད། ཆེད་གཏོང་མེ་འཁོར་འདི་ཉིད་རྒྱལ་ནང་གི་རྒྱུན་འཁོར་ཆེན་པོར་སྐུལ་འདེད་གཏོང་བའི་འཛད་སྤྱོད་སྒུལ་ཤུགས་སུ་བསྒྱུར་ནས། མཚོ་བོད་ས་མཐོའི་མཛེས་སྡུག་མངོན་པའི་སྐོར་སྐྱོད་མིང་བྱང་ཞིག་གཏོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།