རང་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལ་ཕན་འབྲས་གསར་པ་ཐོབ་པ།
གཙོད་ཁྱུ་ཚོགས་ཀྱི་གྲངས་འབོར་ཁྲི་30ལྷག་ཙམ་བར་འཕར་བ།
2024ལོའི་ཟླ་11པའི་ཚུན་དུ། བོད་བྱང་ཐང་དང་། ཤིན་ཅང་ཨར་ཅིན་ཧྲན། མཚོ་སྔོན་ཁུ་ཁུ་ཤིས་རི་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྡེ་ཚན་གསུམ་གྱིས་མི་35ཡོད་པའི་མཉམ་འབྲེལ་སྐོར་སྲུང་ཚོགས་ཆུང་བཙུགས་ནས། “ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོང”བརྗོད་དོན་གཙོ་བོར་བྱས་པའི་དྲག་པོའི་སྐོར་སྲུང་བྱས་པ་རེད། ད་ཐེངས་ཀྱི་སྐོར་སྲུང་ལམ་ཐག་སྤྱི་ལེ་3100དང་ས་ཁོངས་གལ་ཆེན་20ལྷག་ཙམ་བརྒྱུད་དེ་རི་སྐྱེས་སྲོག་ཆཌ་རིགས་12ཀྱི་མགོ་གྲངས་1700ལྷག་ཙམ་ཟིན་ཐོར་བཀོད་པ་དང་། ཁྲིམས་འགལ་ངང་དེ་གར་འགྲོ་བའི་རླངས་འཁོར་2ལེགས་གྲུབ་ལྡན་པའི་ངང་བཀག་པ། ཁྲིམས་འགལ་ངང་རང་བྱུང་སྲུང་སྐྱོང་ཁུལ་དུ་འཛུལ་མཁན་4ཕྱིར་ལོག་བྱེད་པར་ཁ་ཏ་བསླབ་བྱ་བཅས་བྱས་ནས་སྐྱེ་ཁམས་ཐོན་ཁུངས་ཀྱི་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་ལས་དོན་གྱི་འགན་འཁྲི་བསྒྲུབས་ནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་དང་སྲུང་སྐྱོང་ལས་དོན་གྱི་ཕན་འབྲས་ཆེ་རུ་བཏང་སྟེ་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་དང་དེའི་འཚོ་གནས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། རི་སྐྱེས་སྲོག་ཆཌ་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། བོད་ཀྱི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་བྱུང་ནས་འཕར་ཡོད། བསྡོམས་རྩིས་བརྒྱབ་པར་གཞིཌ་ན། གཙོད་ཁྱུ་ཚོགས་ཀྱི་གྲངས་འབོར་དུས་རབས་གོང་མའི་དམའ་ཤོས་སྐབས་ཀྱི་མགོ་གྲངས་ཁྲི་7ལྷག་ཙམ་ནས་ད་ལྟའི་མགོ་གྲངས་ཁྲི་30ལྷག་ཙམ་བར་འཕར་ཡོད་པ་རེད།
གཞན་ཡང་། རང་ལྗོངས་ཀྱིས་དོ་དམ་མ་ལག་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་དང་། དངོས་རིགས་ཐོན་ཁུངས་ལ་བརྟག་དཔྱད་བྱེད་པ། རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ། གཞི་རིམ་གྱི་དཔུང་ཁག་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་བཙུགས་ཡོད། མིག་སྔར། ལྗོངས་ཡོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་47དང་། རྒྱལ་སྤྱིའི་འདམ་ར་གལ་ཆེན་4 རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་22 རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་9བཅས་བཙུགས་ནས་རང་ལྗོངས་ཀྱི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་80%ཡན་གྱི་དངོས་རིགས་དང་། ཁྱབ་ཁོངས། འཚོ་གནས་ཁུལ། དཔེ་མཚོན་སྐྱེ་ཁམས་མ་ལག་བཅས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། རང་སྐྱོང་ལྗོངས་ནཌ་ཚལ་རྩྭ་ཐང་ཅུས་ཀྱིས《རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་སྲུང་སྐྱོང་གི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་གྱི་འཆར་འགོད》(2021ལོ་ནས་2035ལོ་བར)གཞིར་བཟུང་། འཆར་འགོད་ནང་བཅུག་པའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱས་པ་རེད། ལོ་ལྟར་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ཀྱི་བླང་བྱ་ལྟར། “བསིལ་རླུང་བྱ་སྤྱོད”དང“དྲ་ཕུབ་བྱ་སྤྱོད”སོགས་ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་བྱས་ཏེ་ཁྲིམས་འགལ་གྱི་གཉེར་སྐྱོང་ཁྲོམ་ར་དང་། ཚོང་པ། དྲ་ཐོག་གི་ཁྲིམས་འགལ་སྒྲིག་འགལ་བཅས་ཀྱི་བྱེད་སྤྱོད་གཙང་བཤེར་དག་ཐེར་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཁྲིམས་འགལ་ངང་རྔོན་པ(འཐུ་བ)དང་། འཚོང་བ། ཉོ་བ། བེད་སྤྱོད། ཟ་བ། སྐྱེལ་འདྲེན། འཁྱེར་བ། བསྐུར་སྐྱེལ། ཕྱིར་གཏོང་ནང་འདྲེན་བཅས་དང་དེ་བཞིན་བཀག་སྡོམ་བྱས་པའི་རྔོན་རྒྱག་ཡོ་བྱད་སྤྱོད་པ་སོགས་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཆ་ནན་བཏང་སྟེ། རང་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལས་དོན་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ་རེད།