དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • བོད་ཀྱི་བརྗོད་དོན་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོང་གི་ཞིབ་སྦྱོང་ལམ་ཐིག་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-25

    ཉེ་ཆར། ཀྲུང་གོ་ཁོར་ཡུག་ཚན་རིག་སློབ་ཚོགས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་ཞིབ་སྦྱོང་གི་ལམ་ཐིག་རྩེ་གྲ་དང་སློབ་ཚན་བསྡུ་རུབ་བྱེད་སྒོའི་བྱ་དགའ་ཐོབ་པའི་མིང་ཐོ་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། བོད་ཀྱི་བརྗོད་དོན་གཙོ་བོའི་རྣམ་གྲངས་འབའ་ཞིག་ཡིན་པའི“མཚོ་བོད་ས་མཐོའི་ཡར་ཀླུང་གཙང་པོའི་སྐྱེ་ཁམས་སྲུང་སྐྱོང་ཞིབ་སྦྱོང་གི་ལྗང་མདོག་སྒར་ས”ཞེས་པ་རྒྱལ་ཡོངས་ཀྱི་ཕུལ་བྱུང་ལམ་ཐིག་གི་མིང་ཐོར་བདེ་བླག་ཚུད་ཡོད་པ་རེད།

    ད་ཐེངས་ཀྱི“མཚོ་བོད་ས་མཐོའི་ཡར་ཀླུང་གཙང་པོའི་སྐྱེ་ཁམས་སྲུང་སྐྱོང་ཞིབ་སྦྱོང་གི་ལྗང་མདོག་སྒར་ས”ཞེས་པ་ཀྲུང་གོ་ཁོར་ཡུག་ཚན་རིག་སློབ་ཚོགས་ཀྱི་ཕུལ་བྱུང་ལམ་ཐིག་ནང་བདམས་པ་དེས་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་སོགས་ཀྱི་ཚོགས་སྤྱིར་སྤུས་ལེགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཞིབ་སྦྱོང་ཐོན་ཁུངས་མཁོ་འདོན་ཐུབ་པ་མ་ཟད། ད་དུང་སྐྱེ་ཁམས་སྲུང་སྐྱོང་དང་ཤེས་བྱ་ཁྱབ་གདལ་དང་། སློབ་གསོ་གསར་གཏོད་དང་ཤེས་ལྡན་པ་གསོ་སྐྱོང་། རིག་གནས་རྒྱུན་འཛིན་དང་སྣ་མང་སྤེལ་རེས། སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་དང་མཉམ་འདྲེས་སོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཞིབ་སྦྱོང་གི་ལམ་ཐིག་རྩེ་གྲ་དང་སློབ་ཚན་བསྡུ་རུབ་བྱེད་སྒོ་ནི་རྒྱལ་ཡོངས་སྤྱི་ཚོགས་ལས་རིགས་ཁག་གིས་རེ་ཞུ་དང་མིང་འདོན་ཧུར་ཐག་བྱས་པ་དང་། རིགས་གཅིག་མཁས་ཅན་གྱི་དཔྱད་བསྡུར་དང་ཡོངས་བསྒྲགས་ནན་པོ་བྱས་པ་བརྒྱུད། མཐར་ཞིབ་སྦྱོང་གི་སློབ་ཚན་རྩེ་གྲ་ཁག་12དང་། ཕུལ་བྱུང་ཞིབ་སྦྱོང་སློབ་ཚན་ཁག་18 ཞིབ་སྦྱོང་གི་ལམ་ཐིག་རྩེ་གྲ་ཁག་11 ཕུལ་བྱུང་གི་ཞིབ་སྦྱོང་ལམ་ཐིག་ཁག་20བཅས་གཟེངས་སུ་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།