དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • སྤོ་བོ་རྫོང་གིས་གཙང་པོའི་གད་སྙིགས་གཙང་སེལ་དང་སྲུང་སྐྱོང་གི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-19

    ཉེ་ཆར། སྤོ་བོ་རྫོང་གིས“མི་སྟོང་མཉམ་འདུས་ཀྱི་བྱ་སྤྱོད། མ་ཡུམ་གཙང་པོ་སྲུང་སྐྱོང་བྱེད་པའི”2025ལོའི་གཙང་པོའི་གད་སྙིགས་གཙང་སེལ་དང་སྲུང་སྐྱོང་གི་བྱེད་སྒོ་སྤེལ་བ་རེད། སྤོ་བོ་རྫོང་གི(ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར)ཐད་གཏོགས་སྡེ་ཚན་ཁག་དང་། རྫོང་ཁོངས་གཞུང་ཁོངས་ཁེ་ལས། ཁྲབ་རྨོག་གྲོང་རྡལ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་ཡོངས་དང་དེ་བཞིན་མང་ཚོགས་ཀྱི་འཐུས་མི་དང་དང་བླངས་པ་སོགས་མི་1200ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཡོད།

    ད་ཐེངས་ཀྱི་བྱེད་སྒོས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ《གཙང་པོ་དང་མཚོ་མོ་སྲུང་སྐྱོང་བྱེད་པའི་གྲོས་འདོན་ཡི་གེ》བཏང་བ་དང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་10ཡིས་དུས་གཅིག་ཏུ་གཙང་པོ་སྲུང་སྐྱོང་གི་བྱ་སྤྱོད་སྤེལ་ནས་མི་སྣ་སྒྲིག་འཛུགས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཆུ་ལམ་དང་ཆུ་ཡུར་ལ་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཡོད། གཞན་ཡང་། རྫོང་གྲོང་གི་སྤོ་མའོ་ཐང་ཆེན་གྱི་གཅིག་སྡུད་དྲིལ་བསྒྲགས་བྱ་ཡུལ་དུ་དྲིལ་བསྒྲགས་འགྲེམས་པང་བཙུགས་པ་དང་འགྲོ་འོང་བྱེད་མཁན་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་རྫས་སྤྲད་པ་མ་ཟད། ས་ཡུལ་དངོས་སུ་འགྲེལ་བཤད་རྒྱག་པ་དང་མཉམ་འགུལ་དྲིས་ལན་འདེབས་པ་སོགས་ཀྱི་རྣམ་པའི་ཐོག་ནས་གཙང་པོ་དང་མཚོ་མོ་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་དང་རྒྱུན་ལྡན་གྱི་སྲུང་སྐྱོང་ཤེས་བྱ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། བྱེད་སྒོའི་རིང་རིམ་རྩིས་བརྒྱབ་ན་དྲིལ་བསྒྲགས་ལག་དེབ་2000ལྷག་ཙམ་སྤྲད་པ་དང་། གད་སྙིགས་རྩྭ་རས་1812དབོར་བ། ཆུ་ལམ་སྤྱི་ལེ་33.54བཤངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།