དཔྱིད་གསར་དུས་ཆེན་རིང་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་238.12ལ་སྣེ་ལེན་ཞུས་པ།
བོད་ལྗོངས་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཟླ་1ཚེས་28ཉིན་ནས་ཟླ་2ཚེས་4ཉིན་བར། ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་238.12ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་16.56%འཕར་བ་དང་། ཡུལ་སྐོར་ལ་འགྲོ་གྲོན་གཏོང་ཚད་སྒོར་དུང་ཕྱུར་19.45ཟིན་པ་དེ་དུས་མཚུངས་ལས་13.68%འཕར་ཡོད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་བོད་ལྗོངས་ལྷ་སའི་ཡན་ལག་ཚོགས་ར་དང“དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པའི་རམ་འདེགས་འོག བོད་ལ་ཡུལ་སྐོར་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་ཡན་ལག་ཚོགས་ར་ཆེན་པོ་བཞི་ཡིན་པའི་ལྷ་ས་དང་། ཝུའུ་ཧན། ཁྲུང་ཆིང་། ཝུའུ་ཤིས་བཅས་ས་གནས་བཞི་ཡིས་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པ་བརྒྱུད། ས་གནས་བཞི་པོར་ཡུལ་སྐོར་བྱེད་པའི་ཚ་རླབས་ཤིག་འཕྱུར་བའི་ནང་། ལྷ་ས་གྲོང་ཁྱེར་འཚོལ་བཤེར་བྱེད་ཚད་སྐབས་ཤིག་རིང་ཟླ་བ་གོང་མ་ལས་འཕར་ཚད་100%ལས་བརྒལ་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་དུང་ཕྱུར་195.2ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་20.6%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་17.58ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་14.75%འཕར་ཡོད། ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་29549ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་69%འཕར་ཡོད་པ་རེད།