དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་གཞི་གཅིག་ཅན་སྲུང་སྐྱོང་དང་སླར་གསོའི་ལས་གྲྭར་མུ་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-02-05

    ཉེ་བའི་ལོ་ཤས་རིང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ངོགས་གཉིས་ཀྱི་སྐྱེ་ཁམས་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་ནས་དགུན་དཔྱིད་གཉིས་སུ་བྱེ་རླུང་འཚུབ་པའི་གནམ་གཤིས་རྒྱུན་མཐུད་ཉུང་དུ་ཕྱིན་པ་དང་བསྟུན། བྱེ་རླུང་གིས་གཙང་པོའི་རྒྱུད་ཀྱི་ལྷོ་ཁ་གྲོང་ཁྱེར་གྱི་གོང་དཀར་དང་། གྲ་ནང་། སྣེ་གདོང་བཅས་རྫོང་དང་ཆུས་ཁ་ཤས་ཀྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ། གཙོ་གནད་སྒྲིག་བཀོད་བཅས་ལ་ཤུགས་རྐྱེན་ཐེབས་ཚད་ཀྱང་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཙུང་ཁོའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། རྒྱལ་ཁབ་ཀྱིས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་སླར་གསོའི་ལས་གྲྭའི་རྣམ་གྲངས་ཁག་52ལག་བསྟར་བྱས་པ་མ་ཟད་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་རང་བྱུང་ས་ཁམས་ཚན་པའི་རྒྱུན་མཐུད་རང་བཞིན་ལ་སྤྱི་འདོམས་བསམ་གཞིག་བྱས་ནས་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་ཉམས་གསོ་བྱེད་པའི་རྣམ་གྲངས་དེའི་གྲས་ཀྱི་རྣམ་གྲངས་གཅིག་ཡིན་པའི་ཆ་ནས། 2020ལོའི་ཟླ་བརྒྱད་པར་མཆན་བཀོད་བཀའ་ལན་ཐོབ་ནས་ཀྲུང་དབྱང་གི་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་10རག་པ་དང་ལག་བསྟར་དུས་ཡུན་2021ལོ་ནས་2025ལོ་བར་ལོ་5ཡིན་པ་རེད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་39.24བཏང་བ་དེ་དག་ནགས་ཚལ་དང་། རྩྭ་ཐང་། འདམ་ར། ས་ཆའི་སྐྱེ་ཁམས་བཅས་སྲུང་སྐྱོང་སླར་གསོ་དང་དེ་བཞིན་སྐྱེ་ཁམས་བར་ཁྱམས་འཛུགས་སྐྲུན་དང་། ཚད་གཞི་མཐོ་བའི་ཞིང་ཁ་དང་ནུས་ཆེའི་གྲོན་ཆུང་ཆུ་འདྲེན། རིག་ལྡན་ནུས་པ་འཛུགས་སྐྱོང་སོགས་ཁྱོན་རིགས་ཆེན་པོ་10དང་རིགས་ཆུང་ངུ་20དང་འབྲེལ་བ་ཡོད་ལ་ཡན་ལག་རྣམ་གྲངས་ཁྱོན་102ཡོད་པ་རེད། མིག་སྔར་རྣམ་གྲངས་91ལེགས་སྒྲུབ་བྱས་པར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་36.5བཏང་ནས་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད།

    རྣམ་གྲངས་ཁུལ་དུ་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་ཁྱོན་མུའུ་87735.16དང་། ནགས་ཚལ་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་ཁྱོན་མུའུ་197328.89 རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་ཁྱོན་མུའུ་353781.82 ཁོར་ཡུག་སྲུང་སྐྱོང་བཅོས་སྒྲིག་བྱེད་ཚད་སྤྱི་ལེ་60.57 ནུས་ཆེའི་གྲོན་ཆུང་ཆུ་འདྲེན་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྒྱ་ཁྱོན་མུའུ་106420.18 ཞན་འགྱུར་དང་བྱེ་འགྱུར་ས་ཆ་སྲུང་སྐྱོང་ཉམས་གསོ་བྱེད་ཁྱོན་མུའུ་70759.9 གཏེར་རིའི་སྐྱེ་ཁམས་ཁོར་ཡུག་ཉམས་གསོ་བྱས་ཁྱོན་མུའུ་3461.84བཅས་ཟིན་ནས་སྐྱེ་ཁམས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བསལ་བ་དང་རྒྱལ་ཁབ་ས་ཆའི་བར་མཐོངས་བཀོད་པ་ལེགས་སུ་ཕྱིན་ཏེ་སྐྱེ་ཁམས་ཁོར་ཡུག་ཁྱོན་ཡོངས་ནས་སླར་གསོ་ཐུབ་པར་སྐུལ་འདེད་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།