ལྗང་མདོག་ཁོར་ཡུག་ལེགས་པར་བསྐྲུན། འགྱུར་ལྡོག་གསར་པའི་ཕྱོགས་སུ་འབད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཚད་གཞི་མཐོ་བའི“སྙིགས་རོ་མེད་པའི་གྲོང་ཁྱེར”བསྐྲུན་པའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས(གཤམ་དུ་ཁྲེང་ཀོན་ཆུས་ཞེས་བསྡུ་རྒྱུ)ཀྱིས་ལྗང་མདོག་ཕྱོགས་སྒྱུར་གྱི་ཐོན་སྐྱེད་བྱེད་སྟངས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཤུགས་ཆེན་དང་། ཡ་རབས་སྐྱོན་བྲལ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་བ་བརྒྱུད། “སྙིགས་རོ་མེད་པའི”འདུ་ཤེས་ཉིན་རེ་བཞིན་མི་སེམས་སུ་གཏིང་ཟབ་ཟུག་པ་མ་ཟད། ཁྲེང་ཀོན་ཆུས་དེ་ཉིད་ལྷ་ས་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་པར་བརྩོན་ལེན་བྱས་ཏེ། ས་མཐོའི“སྙིགས་རོ་མེད་པའི་གྲོང་ཁྱེར”གྱི་དཔེ་མཚོན་ཧུར་ཐག་བཏོད་ནས། “སྙིགས་རོ་མེད་པའི་གྲོང་ཁྱེར”ཁྲེང་ཀོན་ཆུས་ཀྱི་མིང་བྱང་གསར་པར་བསྒྱུར་ཡོད་པ་རེད།
2023ལོར། ཁྲེང་ཀོན་ཆུས་ཀྱིས“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། 《ཁྲེང་ཀོན་ཆུས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་ལས་དོན་གྱི་ཇུས་གཞི》བཏོན་པ་དང་། ཇུས་གཞིའི་ནང་། “སྙིགས་རོ་མེད་པའི་ཕྲ་ཕུང”འཛུགས་སྐྱོང་དེ“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཁྱབ་ཁོངས་དབྱེ་ནས“སྙིགས་རོ་མེད་པའི་ཕྲ་ཕུང”འཛུགས་སྐྱོང་གི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད། འགོ་ཁྲིད་ཚོགས་ཆུང་གིས་གཟའ་འཁོར་རེའི་སྙན་སེང་དང་། ཟླ་རེའི་བཀོད་གཏོང་། འགུལ་རྣམ་ལེགས་སྒྲིག་སོགས་ཀྱི་ལས་ཀའི་ལམ་སྲོལ་བཟོས་ཏེ། ལོ་འཁོར་གྱི་ལས་ཀའི་དམིགས་ཚད་དང་། ལེགས་གྲུབ་དུས་ཚད། འགན་འཁུར་ཚན་པ། ཞིབ་ཕྲའི་བླང་བྱ་བཅས་ཁ་གསལ་བཟོས་ཏེ། “སྣེ་ཁྲིད་སྡེ་ཚན་གྱིས་གཙོ་ཁྲིད་བྱས་ནས་སྐུལ་འདེད་དང་། འགན་འཁུར་སྡེ་ཚན་གྱིས་མཉམ་ལས་ཤུགས་ཆེན། འཛུགས་སྐྲུན་སྡེ་ཚན་གྱི་ཆེད་མིས་འགན་འཁུར་བ” བཅས་ཀྱི“སྙིགས་རོ་མེད་པའི་ཕྲ་ཕུང”འཛུགས་སྐྱོང་གི་ལས་ཀའི་ལམ་སྲོལ་རགས་ཙམ་བཏོད་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་གྱིས་བཀྲམ་པའི“སྙིགས་རོ་མེད་པའི་ཕྲ་ཕུང”འཛུགས་སྐྱོང་གི་ལག་བསྟར་ཇུས་གཞི་གཞིར་བཟུང་། ཁྲེང་ཀོན་ཆུས་ཀྱིས“སྙིགས་རོ་མེད་པའི་ཕྲ་ཕུང”འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། 2024ལོར། “སྙིགས་རོ་མེད་པའི་ཕྲ་ཕུང”འཛུགས་སྐྱོང་གི་ལས་འགན་20འགྲུབ་རྒྱུའི་གཏན་འཁེལ་བྱས་པར། ད་ཆ་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་རེད།
གྲོང་ཁྱེར་ནི་མིའི་ལུས་ཕུང་ཡིན་པར་ཆ་བཞག་ན། བཟོ་གྲྭ་དང་། གླིང་ཁུལ། སྡེ་ཁུལ། སློབ་གྲྭ་སོགས་སྤྱི་ཚོགས་འཚོ་བའི་གྲུབ་ཆ་རེ་རེ་ནི་ཕྲ་ཕུང་རེ་རེ་དང་འདྲ་བས། གྲོང་ཁྱེར་བཅོས་སྐྱོང་བྱེད་རིང“ཕྲ་ཕུང”རེ་རེར་བཅོས་སྐྱོང་ཞིབ་ཚགས་བྱས་ན། “སྙིགས་རོ་མེད་པའི་གྲོང་ཁྱེར”ཧྲིལ་པོའི་འཛུགས་སྐྱོང་ལ་གཞི་ནས་ཕན་འབྲས་དེ་བས་ཆེ་བ་ཐོན་ཐུབ།
“སྙིགས་རོ་མེད་པའི་ལས་ཁུངས”ཡིན་པའི་ཁྲེང་ཀོན་ཆུས་ཀྱི་ལས་ཁུངས་ཀྱིས་ཡིག་ཆ་དྲ་ཐོག་ནས་བསྐུར་བར་སྐུལ་འདེད་བཏང་སྟེ། གཞུང་ལས་སྒྲུབ་རིང་ཤོག་བུ་མི་སྤྱོད་པ་དང་། གསང་སྤྱོད་ཀྱི་སྤྱིར་བཏང་གི་སྒྲིལ་ཤོག་དེ་འཐེན་ཤོག་ཏུ་བསྒྱུར་ནས། “གང་འདོད་དུ་ལེན་པ”ནས“དགོས་མཁོ་ལྟར་ལེན་པར”བསྒྱུར་བར། ཤོག་བུ་སྤྱོད་ཚད་30%ཉུང་དུ་ཕྱིན་ཡོད། ལས་ཁུངས་ཀྱི་ཟ་ཁང་དུ“སྡེར་གཙང་བྱ་སྤྱོད”སྤེལ་བ་དང་། བཟའ་བཅའི་རྒྱུ་ཆ་ལྷག་མ་སྤྱད་དེ་བསྙལ་ཚལ་བཟོས་ནས་ཟས་རྒྱུ་འཕྲོ་བརླག་ཉུང་དུ་གཏོང་བ། ཁ་ལག་ཟ་མཁན་གྱི་མི་གྲངས་ལ་གཞིགས་ཏེ་ཁ་ལག་འོས་འཚམ་བཟོས་ནས། ཐབ་ཚང་གི་གད་སྙིགས་བརྒྱ་ཆ་50%ཉུང་དུ་བཏང་བ་རེད།
ཁྲེང་ཀོན་ཆུས་ཀྱི“སྙིགས་རོ་མེད་པའི་ཚོང་ར”ཁག་དང་པོ་ཡིན་པའི་ཐེན་ཧའེ་རྒྱལ་སྤྱིའི་ཚོང་རས་ནུས་རྒྱུར་གྲོན་ཆུང་དང་། བཙོག་འབུད་ཉུང་གཏོང་། ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད། ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་སོགས་ཀྱི་བྱེད་ཐབས་ལག་ལེན་བསྟར་ཏེ། དེ་བས་ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་གི་ཉོ་སྒྲུབ་ཁོར་ཡུག་བསྐྲུན་ནས། འཛད་སྤྱོད་པའི་འཛད་སྤྱོད་འདུ་ཤེས་བསྒྱུར་བར་རིམ་གྱིས་ཁྲིད་སྟོན་གྱིས་ཐཱན་ཉུང་དང་ཁོར་ཡུག་སྲུང་སྐྱོང་གི་འཛད་སྤྱོད་བྱེད་ཐབས་ལག་ལེན་བསྟར་བ་རེད།
“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་དེ་ཕྱོགས་གཅིག་ནས་སྦགས་འཕྲི་ཐཱན་གཅོག་དང་འབྲེལ་བ་དང་། ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་ཡོད་ཅིང་། ཁྲེང་ཀོན་ཆུས་ཀྱིས“སྙིགས་རོ་མེད་པའི་གྲོང་ཁྱེར”དེ“སྙིགས་རོ་མེད་པའི་ཕྲ་ཕུང”མང་པོར་ཞིབ་ཚགས་སུ་བཏང་བ་ནི“སྙིགས་རོ་མེད་པའི་ཚོང་ར”དང་འདྲ་བར་མཐོང་ཐོས་དྲན་རེག་ཏུ་འགྱུར་བས། གྲོང་མི་རེ་རེ་དང་འབྲེལ་བ་དམ་ཟབ་ཡོད། 2024ལོར། ཁྲེང་ཀོན་ཆུས་ཀྱིས་བསྡོམས“སྙིགས་རོ་མེད་པའི་ལས་ཁུངས”23དང་། “སྙིགས་རོ་མེད་པའི་བཟོ་གྲྭ”1 “སྙིགས་རོ་མེད་པའི་ཚོང་ར”3བཅས་བདེ་བླག་བཙུགས་ཡོད།
ལྗང་མདོག་གི་འཚོ་བ་གསར་པ་བཏོད་ཅིང་། ཁྲེང་ཀོན་ཆུས་ཀྱི“ལྗང་མདོག་ནོར་བསྡུའི”བྱ་རིམ་ཆུང་ངུར་བརྟེན་ནས། ཐོན་ཁུངས་འཁོར་རྒྱུག་དང་ལྗང་མདོག་འཚོ་བར་རམ་འདེགས་བྱེད་བཞིན་ཡོད། ཁྲེང་ཀོན་ཆུས་ཀྱིས་ས་མཐོའི་ཁྱད་ཆོས་ལྡན་པའི་ཁྲེང་ཀོན་ཆུས་ཀྱི་ལྗང་མདོག་ཚུར་བསྡུའི་བྱ་རིམ་ཆུང་ངུ་སྟེ། “ཁྲེང་ཀོན་གསར་པ། ལྗང་མདོག་ནོར་བསྡུའི”ཞིབ་འཇུག་གསར་སྤེལ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གྲོང་མིས་སྟབས་བདེ་པོས་ཅ་ལག་མངགས་ཆོག་པ་དང་། ཆེད་ལས་ཚོགས་པ་སྒོ་རྩར་ཡོང་ནས་ཉོ་སྒྲུབ་བྱེད་པ། སྐད་འཕྲིན་ནས་བདེ་འཇགས་ངང་དངུལ་སྒྱུར་བ་སོགས་གཞི་གཅིག་ཅན་གྱི་ཞབས་ཞུ་མངོན་འགྱུར་བྱུང་སྟེ། དམངས་ཕན་ཞབས་ཞུའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་ནས། ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་དང་། ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་བཏང་ཡོད། ཚུར་བསྡུའི་བརྒྱུད་རིམ་ལེགས་སུ་བཏང་ནས། གད་སྙིགས་གང་མགྱོགས་གཙང་སེལ་ལམ་ཡང་ན་ཚུར་བསྡུའི་ལྷུ་ཚིགས་སུ་སྐྱེལ་ཐུབ་པའི་འགན་ལེན་བྱས་ཡོད།
ཁྲེང་ཀོན་ཆུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། སྤུས་ལེགས་ཀྱི“སྙིགས་རོ་མེད་པའི་ཕྲ་ཕུང”འཛུགས་སྐྱོང་ལ་སྐུལ་འདེད་མུ་མཐུད་བཏང་སྟེ། རྒྱ་ཆེའི་གྲོང་མི་རྣམས“སྙིགས་རོ་མེད་པའི”འདུ་ཤེས་ཀྱི་ཁྱབ་སྤེལ་བ་དང་ལག་ལེན་པར་དངོས་སུ་འགྱུར་བ་དང་། “སྙིགས་རོ་མེད་པའི་འདུ་ཤེས”དེ“སྙིགས་རོ་མེད་པའི་གསོལ་མགྲོན་ཁང”དང“སྙིགས་རོ་མེད་པའི་ཚོང་ར” “སྙིགས་རོ་མེད་པའི་སློབ་གྲྭ”བཅས་ནས། ཁྱིམ་ཚང་དང་སྤྱི་ཚོགས་སུ་ཁྱབ་པར་བྱས་ཏེ། “སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་གྲུབ་འབྲས་ལས་གྲོང་མི་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།