2024ལོར་ཟི་ལིང་ནས་ལྷ་ས་བར་གྱི་བོད་སྐྱོད་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐེངས་གྲངས་མང་ཤོས་ཟིན་པ།
ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐེངས་14བཏང་ནས་ཡུལ་སྐོར་བ་མི་ཐེངས་7528ལ་ཞབས་འདེགས་ཞུས་པ།
ཉེ་ཆར། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི(གཤམ་ལ་མཚོ་བོད་ཚོགས་པ་ཀུང་སི་ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར། མཚོ་བོད་ཚོགས་པ་ཀུང་སིས་ཟི་ལིང་ནས་ལྷ་ས་བར་གྱི་བོད་སྐྱོད་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཐེངས་14བཏང་ནས་ཡུལ་སྐོར་བ་མི་ཐེངས་7528ལ་ཞབས་འདེགས་ཞུས་པས། ལོ་ལྔའི་རིང་མེ་འཁོར་གཏོང་ཐེངས་དང་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཐེངས་མང་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
མཚོ་བོད་ཚོགས་པ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས། འབྱུང་འགྱུར་བོད་སྐྱོད་ཡུལ་སྐོར་ཆེད་གཏོང་མེ་འཁོར་གཏོང་ཤུགས་མུ་མཐུད་ཆེ་རུ་དང་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་རྒྱ་ཆེའི་ཡུལ་སྐོར་བར་དེ་བས་སྤུས་ལེགས་དང་། སྟབས་བདེ་བ། སྐྱིད་སྣང་དོད་པ་བཅས་ཀྱི་ཡུལ་སྐོར་ཉམས་ལེན་མཁོ་འདོན་བྱས་ཏེ་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་མཉམ་སྦྲེལ་མཉམ་མཐུད་སྔར་བས་གཏིང་ཟབ་ཏུ་བཏང་ནས། ས་མཐོའི་ལྕགས་ལམ་ཡུལ་སྐོར་ཆེད་གཏོང་མེ་འཁོར་གྱི་ཡུལ་སྐོར་གཏིང་ཟབ་པའི“མིང་བྱང་གསར་པ”གཏོད་རྒྱུར་རྨང་གཞི་འདིང་བ་དང་། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད།