དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་བྱ་ཐབས་ཁག་དྲུག་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ལ་ཚད་བརྒལ་གསར་པ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-01-06

    ཉིན་ཤས་གོང་གསར་འགོད་པས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ནས་ཤེས་རྟོགས་བྱས་པར། ལྷོ་ཁ་གྲོང་ཁྱེར་གྱིས“སྔོན་ལ་འཆར་འགོད་དང་། སྤུས་རྟགས་གཏོད་པ། རྨང་གཞིའི་སྒྲིག་བཀོད། ཞབས་ཞུའི་མ་ལག དྲིལ་བསྒྲགས་འོས་སྦྱོར། ཐོན་ལས་མཉམ་འགུལ”བཅས་བྱ་ཐབས་ཁག་དྲུག་ལ་བརྟེན་ནས། རིག་གནས་ཡུལ་སྐོར་ཐོན་ལས་ལ་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།

    སྔོན་ལ་འཆར་འགོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ཞིང་། ཆེད་ལས་སྒྲིག་གཞི་དང་ཁེ་ལས་ཆེ་གྲས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་དང་ཚང་མས་མྱོང་རོལ་ཐུབ་པའི་རིག་གནས་ཡུལ་སྐོར་ཐོན་ལས་དེ་བས་མང་བ་ཇུས་འགོད་བཅས་བྱ་རྒྱུ་རེད།

    ཚོང་རྟགས་གྲགས་ཅན་གཏོད་པར་མཐོང་ཆེན་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གཟུགས་བརྙན་གསར་པ་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། “བོད་མིའི་འབྱུང་ཁུངས་ལྷོ་ཁ”དང་། “ལྷོ་ཁར་ཡུལ་སྐོར། བདེ་སྐྱིད་འཚོ་བ”“བདེ་སྐྱིད་ལྡན་པའི་བོད་ལྗོངས། བརྩེ་བས་ཕྱུག་པའི་ལྷོ་ཁ”སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ་དང་། G219ལྷོ་ཁ་དུམ་བུའི་མཐའ་མཚམས་ཀྱི་ལྟ་སྐོར་ཡུལ་སྐོར་ལམ་ཐིག་གཙོ་གནད་ཐོག་གཏོད་པ། གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་གཏོང་བ། གྲ་ནང་བྱེ་ཐང་ཡུལ་སྐོར་ཐོན་ལས་ཀྱི་ལེ་ལག་ཚང་བའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཛེས་ལྗོངས་ཁུལ་གྱི་ཞབས་ཞུ་དང་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། ཡར་འབྲོག་གཡུ་མཚོ་དང་། ཁྲ་འབྲུག ཡུལ་སྨད། ཙ་རི་སོགས་A5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ། ཡར་ཀླུང་གི་ལྷ་མོ་དང་། སྤོས། རྒྱན་གོས། བརྐོས་རྒྱག ཐང་ག་སོགས་མངོན་མིན་རིག་གནས་ཐོན་ཁུངས་ཀྱི་གཏིང་ཤུགས་སྔོག་འདོན་བཅས་བྱས་ནས། རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ནུས་པ་གསར་པ་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། གཙོ་གནད་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲ་འབྲུག་གི་ལོ་རྒྱུས་དང་རིག་གནས་ཁྲོམ་ཁུལ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་དང་གྲོང་གསེབ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། ཡར་འབྲོག་གཡུ་མཚོའི་ནང་ངོས་ཀྱི་ཡུལ་སྐོར་ལམ་ཐིག་གང་མགྱོགས་གཏོད་པ། མཛེས་ལྗོངས་ཁུལ་གཙོ་བོར་སྐྱོད་སའི་ལམ་བུ་འཛུགས་སྐྲུན་དང་རིམ་སྤོར་སྒྱུར་བཀོད་ལག་བསྟར་བཅས་བྱ་རྒྱུ་རེད།

    ཞབས་ཞུའི་མ་ལག་ལེགས་སུ་བཏང་ནས་ཡུལ་སྐོར་ཞབས་ཞུའི་དོ་དམ་ཆུ་ཚད་གསར་པ་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བཀོད་པ་ལྟར་གཙོ་རྒྱུ་ཀུན་འཛོམས་ཀྱི་ཡུལ་སྐོར་ཞབས་ཞུའི་མ་ལག་འཛུགས་པ་དང་། ཡུལ་སྐོར་འཛད་སྤྱོད་ཕུན་སུམ་ཚོགས་སུ་གཏོང་བ། ཕྱོགས་བསྡུས་ཞབས་ཞུའི་སྣེ་ལེན་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་རེད།

    དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྣན་རྒྱུ་ཡིན་ཞིང་། རྒྱལ་སྤྱི་རྒྱལ་ནང་གི་ཡུལ་སྐོར་སྤེལ་རེས་དང་འོས་སྦྱོར་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་ཡར་འབྲོག་གཡུ་མཚོ་བསྐོར་བའི་རྒྱལ་སྤྱིའི་རྐང་འཁོར་ཡོངས་བསྒྲགས་འགྲན་བསྡུར་དང་། སའི་གོ་ལའི་སྣེ་གསུམ་པའི་མཐའ་མའི་བྱེས་བགྲོད་རླངས་འཁོར་རུབ་འདུས་འགྲན་བསྡུར། སྤྱི་ཕན་རྐང་ཐང་ཡུལ་སྐོར་བྱེད་སྒོ་བཅས་ཡག་པོ་གཉེར་ནས་སྤུས་ཚད་མཐོ་རུ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་རེད།

    ཐོན་ལས་མཉམ་འགུལ་ཏན་ཏིག་ཐུབ་པར་བྱས་ནས་རིག་གནས་ཡུལ་སྐོར་གྱིས་དམངས་ལ་རོགས་སྐྱོར་དང་ཞིང་པ་ཕྱུག་པོ་ཆགས་པའི་བྱ་ཐབས་གསར་པ་འཆར་འགོད་བྱ་རྒྱུ་ཡིན་ཞིང་། ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཞིང་འབྲོག་ཁུལ་གྱི་རྣམ་པ་མུ་མཐུད་ལེགས་སུ་བཏང་སྟེ། གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་ཀྱི་གསོན་ཤུཌ་འཕེལ་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།