དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི“ལེ་དབར་བརྒྱའི་སྐྱེ་ཁམས་བར་ཁྱམས”ནུས་ཤུགས་ཡོད་རྒུས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-01-05

    གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རང་བྱུང་སླར་གསོ་དང་མི་ཐབས་ཀྱི་ཉམས་གསོ་གཅིག་གྱུར་དམ་ཟབ་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་། ཁུལ་དབྱེ་རིགས་དབྱེའི་ཐབས་ཇུས་ལག་བསྟར། ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བཅས་བྱས་ནས་རྩི་ཤིང་དང་སྐྱེ་དངོས་རིགས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཡར་ཀླུང་གཙང་པོའི་དབུས་སྨད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། བྱེ་འགོག་བྱེ་བཅོས་འདུ་འགོད་ལ་སྐུལ་འདེད་བརྟན་པོ་གཏོང་བ། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི“ལེ་དབར་བརྒྱའི་སྐྱེ་ཁམས་བར་ཁྱམས”ནུས་ཤུགས་ཡོད་རྒུས་བཏོད་ཡོད།

    ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི“ལེ་དབར་བརྒྱའི་སྐྱེ་ཁམས་བར་ཁྱམས”གཏོད་པའི་བརྒྱུད་རིམ་ནང་ལྷོ་ཁ་གྲོང་ཁྱེར་གྱིས་རྩི་ཤིང་སྣ་ཚོགས་འདེབས་པའི་བྱ་ཐབས་མཐའ་འཁྱོངས་ཀྱིས་སྔ་རྗེས་སུ་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་གོང་དཀར་རྫོང་དང་གྲ་ནང་རྫོང་གཉིས་ཀྱི་ས་ཁོངས་སུ་རྒྱ་ལྕང་གི་ལྕང་སོན་ཁྲི་8ལྷག་ཙམ་བཙུགས་པ་དང་། ཆུ་གསོམ་སྡོང་རྐང་230ལྷག་ཙམ་ཚོད་འདེབས་བྱས་པ། གཙང་འགྲམ་དང་རྩེད་ཐང་གྲོང་ཁུལ་དུ་ཆུ་གསོམ་སྡོང་རྐང་670ལྷག་ཙམ་ཚོད་འདེབས་བྱས་པ། གཙང་པོའི་རྒྱུད་ཀྱི་ཐང་རྒོད་དང་བྱེ་སར་སྒ་སྐྱ་མུའུ་11ཚོད་འདེབས་བྱས་པ། རྩེད་ཐང་ཟམ་ཆེན་གྱི་མཐའ་འཁོར་དུ་སྨྱུག་མ་ཚོད་འདེབས་བྱས་པ་བཅས་རེད།

    ན་ནིང་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་4.45བྱས་པ་དང་ཆེད་འགན་འཁུར་མཁན་ལས་དོན་པ་134བཀོད་སྒྲིག་བྱས་ནས་ཤིང་འཛུགས་ཡུལ་ལ་དོ་དམ་སྲུང་སྐྱོང་བྱས་ཏེ“བཏབ་ཚད་གསོན་ཐུབ་པ་དང་། གཡོག་བྱེད་ཡག་པོ་བྱེད་པ། ཡུན་རིང་གསོན་ཐུབ་པ”བཅས་ཧུར་ཐག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།