དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99%ཙམ་ཟིན་པ་དང་འཐུང་ཆུའི་ཆུ་འགོའི་སྤུས་ཚད་100%རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-28

    གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ད་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་99%ཙམ་ཟིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་གཙང་པོ་དང་། ཆུ་བོ། མཚོ་མོ་བཅས་གཙོ་བོའི་ཆུའི་སྤུས་ཚད་དེ་རིགས་གསུམ་པའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ་དང་། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཆུའི་ཁོར་ཡུག་སྤུས་ཚད་ད་བར་100%རྒྱུན་མཐུད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གི་ཕན་ནུས་ཆེར་གཏོང་གི་ལག་བསྟར་ཇུས་གཞི་བཟོས་པར་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་602.36བཏང་སྟེ། 《ལྷོ་ཁ་གྲོང་ཁྱེར་གྱི་PM2.5དང་དཀུ་དབྱང་སྦགས་བཙོག་འབྱུང་རྐྱེན་དང་འབྱུང་ཁུངས་མཐིལ་རྟོགས་བརྟག་དཔྱད་དང་དེ་བཞིན་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་ཆེད་དོན་ཞིབ་འཇུག་རྣམ་གྲངས——རླུང་ཁམས་ཆེན་པོའི་སྦགས་བཙོག་ཕྱིར་འབུད་ཀྱི་གསལ་ཐོ》བརྟག་དཔྱད་ཞིབ་འཇུག་བྱས་ནས་བྲིས་པས། 《ལྷོ་ཁ་གྲོང་ཁྱེར་གྱི་PM2.5དང་དཀུ་དབྱང་སྦགས་བཙོག་འབྱུང་རྐྱེན་དང་འབྱུང་ཁུངས་དབྱེ་ཞིབ་སྙན་ཞུ》གྲུབ་པ་རེད། འགྲོ་ལམ་མིན་པའི་སྒུལ་བདེའི་འཕྲུལ་ཆས་ཀྱི་ཨང་སྒྲིག་ཐོ་འགོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རིམ་རྩིས་བརྒྱབ་ན་རླངས་འཁོར་2663ཐོ་འགོད་སོགས་བྱས་པར་ཚད་གཞི་ལོན་ཚད་99%ཡན་ཟིན་ཡོད་པ་རེད།

    《ལྷོ་ཁ་གྲོང་ཁྱེར་གྱི་འཐུང་ཆུའི་ཆུ་འགོ་ཁུལ་སྲུང་སྐྱོང་སྲོལ་ཡིག》བཏོན་པ་དང་འབྲེལ་ཟླ་10ཚེས་30ཉིན། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།