དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ནག་ཆུ་གྲོང་ཁྱེར་གྱིས་ཐད་སྦྲེལ་ཁ་པར་སྦྲེལ་ཟམ་དུ་བྱས་ནས་ཡུལ་སྐོར་བའི་རེ་ཞུའི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་བ།

    ད་ལོ་ཚུན་དུ་གྲོང་མིའི་12345ཡི་ཐད་སྦྲེལ་ཁ་པར་གྱི་ལས་ཐོ་ཁྱོན་400ལྷག་ཙམ་བསྒྲུབས་པར་ལས་སྒྲུབ་བྱེད་ཚད་དང་ལན་འདེབས་བློ་ཡིད་ཚིམ་ཚད་ཚང་མ་100%ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-04

    ད་ལོ་ཚུན་དུ་ནག་ཆུ་གྲོང་ཁྱེར་གྱི་12345ཡི་ཐད་སྦྲེལ་ཁ་པར་གྱིས་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ནས“ཞུ་སྦྱོར་འཕྲལ་སྒྲུབ”ཀྱི་ལས་དོན་ལམ་སྲོལ་ལྟེ་བར་བྱས་ནས་ཡུལ་སྐོར་བའི་རེ་ཞུའི་ཐབས་ལམ་ནུས་ཤུགས་ཡོད་རྒུས་ཤར་གཏོང་ཐུབ་པར་བྱེད་པ་དང་། ཡུལ་སྐོར་བའི་རེ་ཞུ་དུས་ཐོག་ཏུ་བདག་སྤྲོད་དང་ཐག་གཅོད་བྱས་ནས་ཡུལ་སྐོར་གྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་སྤུས་ལེགས་ཀྱི་ཡུལ་སྐོར་ཁོར་ཡུག་གཏོད་པར་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོ་ཚུན་གྲོང་མིའི་12345ཡི་ཐད་སྦྲེལ་ཁ་པར་གྱི་ལས་ཐོ་400ལྷག་ཙམ་བསྒྲུབས་ནས་ཚང་མ་དུས་ཐོག་ཏུ་ལན་བཏབ་པར་ལས་་སྒྲུབ་བྱེད་ཚད་དང་ལན་འདེབས་བློ་ཡིད་ཚིམ་ཚད་ཚང་མ་100%ཟིན་ཡོད་པ་རེད།

    12345ཐད་སྦྲེལ་ཁ་པར་གྱིས་དམངས་འཚོའི་རེ་ཞུ་གཙོ་གནད་ལས་དོན་ལ་བརྩིས་ནས་འཕྲལ་དུ་དང་ལེན་བྱ་རྒྱུ་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གནད་སྨིན་སྒྲུབ་སྤྲོད་བྱེད་པ། དུས་བཀག་ལྟར་སྒྲུབ་པ། ནར་འགྱངས་ལ་སྒྲུབ་སྐུལ་བྱེད་པ་བཅས་བྱས་ཏེ་12345སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱི་ཐོག་ནས་མང་ཚོགས་ལ་ཕྱོགས་ཡོངས་དང་ཟུར་ཚད་མང་བའི་ཞབས་འདེགས་ཞུས་ནས་ལོ་ཧྲིལ་པོ་དང་། ཆེད་མི་དང་ཆེད་སྒྲུབ་ཚོགས་ཆུང་གིས་7×ཆུ་ཚོད་24ཡི་ནང་ཡུལ་སྐོར་བའི་ཁེ་ཕན་གྱི་རེ་ཞུ་མྱུར་དུ་བདག་སྤྲོད་ཀྱིས་དུས་ཚོད་མགྱོགས་ཤོས་དང་ཁྱབ་ཁོངས་ཆུང་ཤོས་སུ་ཡུལ་སྐོར་བའི་རེ་ཞུ་མྱུར་ལ་ཕན་འབྲས་ལྡན་པའི་ངང་བདག་སྤྲོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།